མཚོ་བོད་ཚོགས་པ་ཀུང་སིས་དུས་ཆེན་རིང་གི་དམངས་འཚོའི་དངོས་རྫས་སྐྱེལ་འདྲེན་ནུས་ལྡན་ཐུབ་པའི་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པ་དང་བསྟུན་ནས། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་བོད་དུ་དབོར་བའི་དངོས་རྫས་སྐྱེལ་འདྲེན་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་དེ་ན་ནིང་ལོ་མཇུག་དང་འདི་ལོའི་ལོ་འགོའི་གཙོ་གནད་ལས་དོན་ལ་བརྩིས་ནས་བོད་ཀྱི་དམངས་འཚོའི་དངོས་རྫས་སྐྱེལ་འདྲེན་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐངས་ཐོག་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་དགའ་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

མཚོ་བོད་ཚོགས་པ་ཀུང་སིས། དུས་ཆེན་གོང་བོད་དུ་དབོར་བའི་དམངས་འཚོའི་དངོས་རྫས་སྐྱེལ་འདྲེན་བྱེད་ཚད་འབོར་ཆེན་འཕར་བའི་ཁྱད་ཆོས་ལ་དམིགས་པ་དང་མཚོ་བོད་ལྕགས་ལམ་གྱི་དགུན་དུས་སྐྱེལ་འདྲེན་དང་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་སྐྱེལ་འདྲེན་སྒྲིག་འཛུགས་བྱེད་སྟངས་སྔར་བས་ལེགས་སུ་གཏོང་བ་དང“གཏན་འཁེལ་གསུམ་དང་། ཚོ་སྒྲིག་གཉིས། རེའུ་མིག་གཅིག་བཟོ་བ”བཅས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོལ་སྤྱོད་བྱས་པ་སྟེ། མེ་འཁོར་དང་། དུས་ཚོད། ཚོ་སྒྲིག་བཅས་གཏན་འཁེལ་དང་། ཚོ་སྒྲིག་སྔོན་ཇུས་དང་ཚོ་སྒྲིག་ཡག་པོ་བཟོ་བ། ཆུ་ཚོད་24རེར་རེའུ་མིག་རེ་འགྲིལ་འགུལ་བྱས་ཏེ་མཚོ་བོད་ལྕགས་ལམ་གྱི་ཟོག་འདྲེན་མེ་འཁོར་གཉེར་སྐྱོང་གི་རེའུ་མིག་ཉིན་རེར་ཐེངས་རེ་བཟོ་བའི་འགུལ་རྣམ་ལེགས་སྒྲིག་བྱས་ཐོག དབོར་འདྲེན་ནུས་པ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བཏོན་པ་རེད། དུས་མཚུངས་ལྷ་ས་ནུབ་རྒྱུད་མེ་འཁོར་བབས་ཚུགས་སུ་ཁ་ཐོར་ཟོག་འཇུག་གི་ལས་སྒྲུབ་ཁུལ་བཙུགས་པའི་གོ་སྐབས་དང་བསྟུན་ནས་སྐྱེལ་འདྲེན་བཀོད་སྒྲིག་ལེགས་སུ་བཏང་བས་བོད་དུ་དབོར་བའི་དངོས་རྫས་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་ཐོག་རང་ལྗོངས་ཀྱི་དུས་ཆེན་གྱི་དངོས་རྫས་ནུས་ཆེའི་ངང་དབོར་རྒྱུར་འགན་ལེན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་གྱི་དགུན་དུས་སྐྱེལ་འདྲེན་གྱི་བོད་དུ་དབོར་བའི་དམངས་འཚོའི་དངོས་རྫས་གཙོ་བོ་ནི་ནུས་རྒྱུ་དང་། འབྲུ་རིགས། འཛུགས་སྐྲུན་རྒྱུ་ཆ་སོགས་ཡོད་པས། བོད་ཀྱི་དམངས་འཚོའི་དངོས་རྫས་སྐྱེལ་འདྲེན་གྱི་ཁྲོམ་རའི་དགོས་མཁོ་ཤེས་རྟོགས་ཡང་དག་བྱ་ཆེད་མཚོ་བོད་ཚོགས་པ་ཀུང་སིས་ཚོང་གཉེར་མི་སྣ་སྒྲིག་འཛུགས་བྱས་ཏེ་དོ་དམ་ཁོངས་གཏོགས་ཁུལ་གྱི་ཁྲོམ་རར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་བ་དང་གཙོ་གནད་འཛད་སྤྱོད་པར་བཅར་འདྲི་བྱེད་པ་དང་དུས་བཀག་ལྟར་སྦྱིན་བདག་དང་དབོར་འགན་འཁུར་བའི་ཚན་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དུས་ཐོག་ཏུ་འབྲུ་རིགས་དང་། རྒྱུན་མཁོའི་བརྒྱ་ཟོག ཤིང་འབྲས་དང་སྔོ་ཚལ། འཐུང་བྱ་སོགས་དུས་ཆེན་རིང་བོད་དུ་དབོར་བའི་དངོས་རྫས་སྐྱེལ་འདྲེན་གྱི་འགུལ་རྣམ་ཁོང་དུ་ཆུད་དེ་འཛད་སྤྱོད་པར་མཛོད་ཉར་མདུན་དུ་སྤོ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཟོག་འདྲེན་མེ་འཁོར་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་སྐྱེལ་འདྲེན་བྱེད་མང་བའི་དུས་ཚིགས་ལས་གཡོལ་ནས་སྐྱེལ་འདྲེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།