གཞིས་རྩེའི་གཙོ་གནད་དང་སྒྲུབ་མང་བའི་ཞབས་ཞུའི་དོན་དག“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་དོན་ཞབས་ཞུའི་བརྒྱུད་རིམ་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། “དཔྱད་གཞི་ཉུང་གཏོང”དང“ལྷུ་ཚིགས་ཉུང་གཏོང”“དུས་བཀག་ཐུང་གཏོང”“འགྲོ་སྐྱོད་ཉུང་གཏོང”བཅས་ཀྱི་བླང་བྱར་གཞིགས་པ། གཙོ་གནད་དང་སྒྲུབ་མང་བའི་ཞབས་ཞུའི་དོན་དག་ལ་དམིགས་པ། རེ་ཞུ་བས་མཁོ་འདོན་བྱས་པའི་ལྷུ་ཚིགས་ཁག་གི་དཔྱད་གཞིའི་དུས་བཀག་ཐུང་དུ་གཏོང་བ། བརྒྱུད་རིམ་ཡོངས་དྲ་ཐོག་ནས་ལས་སྒྲུབ་བཅས་བྱས་ཏེ། དོན་དག་སྒྲུབ་མཁན་མང་ཚོགས“འགྲོ་སྐྱོད་བྱེད་མི་དགོས་པ”དང“གྲོང་ཚོ་ནས་ཐོན་མ་དགོས་པར་ལས་དོན་སྒྲུབ་ཐུབ་པ་དང་ངོ་འཕྲད་བྱེད་མི་དགོས་པར་ཆོག་མཆན་འགོད་པ”མངོན་འགྱུར་བྱུང་བ་རེད།

གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས“སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་ཀྱི་རིམས་ནད་ཞིབ་བཤེར་ཚད་ལོན་དཔྱད་སྤྲོད”ཀྱི་དོན་དག་དེ་སྔའི་རིམ་པ་གཉིས་པའི་ལས་སྒྲུབ་ཚད་གཞི་དང་ཁས་བླངས་པའི་ལས་སྒྲུབ་དུས་བཀག་ཉིན་7གྱི་རྨང་གཞིའི་ཐོག་ལག་ཁྱེར་གཉེར་བ་དང་རིམ་པ་བཞི་པའི་ལས་སྒྲུབ་ཚད་གཞིར་བསྒྱུར་ཏེ་ཟོག་འགྲེམས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། “རྒྱལ་ཁབ་དང་ཡང་ན་ས་གནས་ཀྱི་གཏན་འཁེལ་བྱས་པའི་ཚད་གཞི་ལས་དམའ་བའི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ལ་ཞིབ་མཆན་འགོད་པའི”དོན་དག་དེ་སྔའི་རིམ་པ་གཉིས་པའི་ལས་སྒྲུབ་ཚད་གཞི་དང་ཁས་བླངས་པའི་ལས་སྒྲུབ་དུས་བཀག་ཉིན་15ཡི་རྨང་གཞིའི་ཐོག་རིམ་པ་བཞི་པའི་གཞི་གཅིག་ཅན་གྱི་ལས་སྒྲུབ་ཚད་གཞིར་བསྒྱུར་ཏེ་ཟོག་འགྲེམས་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཁས་བླངས་པའི་དུས་བཀག་ཉིན་10བསྒྱུར་བ་དང་ཁྲིམས་གཏན་འཁེལ་བའི་གཞི་འཛིན་ས་མེད་པའི་དཔང་ཡིག་རིགས་ཀྱི་དཔྱད་གཞི་མེད་པར་བཟོས་པ་རེད།

གཞིས་རྩེ་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས“འགྲོ་སྐྱོད་ཉུང་གཏོང”ཐད་ལས་སྒྲུབ་ཚད་གཞི་རིམ་པ་གསུམ་པའི་ཚད་གཞི་དེ་རིམ་པ་བཞི་པར་བསྒྱུར་ནས། བརྒྱུད་རིམ་ཡོངས་དྲ་ཐོག་ནས་ལས་སྒྲུབ་བྱས་ཏེ་འགན་བཅོལ་ནང་ཞུགས་པའི་མི་སྣ“འགྲོ་སྐྱོད་བྱེད་མི་དགོས་པ”བྱེད་རྒྱུ་དང་། “དཔྱད་གཞི་ཉུང་གཏོང”ཐད་ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་མཁོ་བའི་རེ་ཞུའི་དཔྱད་གཞི་ཁུ་བསྡུ་གཅིག་གྱུར་བྱས་ཏེ་ཆུས་དང་རྫོང་བརྒལ་ནས་ལས་སྒྲུབ་དང་། “དུས་བཀག་ཐུང་གཏོང”ཐད་ཁས་ལེན་བྱས་པའི་དུས་བཀག་དེ་ཁྲིམས་གཏན་འཁེལ་བའི་དུས་བཀག་གི་33.3%བར་ཐུང་དུ་གཏོང་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།