བོད་ལྗོངས་སུ་ཞིང་འབྲོག་པ་མི་ཁྲི57.1ལས་ཞུགས་གཞན་སྒྱུར་ཐུབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོར། བོད་ལྗོངས་སུ་ཞིང་འབྲོག་པ་མི་ཁྲི57.1ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར34.8མངོན་འགྱུར་བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 

2019ལོར། བོད་ལྗོངས་ཀྱིས་ལས་ཞུགས་དང་ཐོན་ལས་ཟུང་འབྲེལ་མངོན་གསལ་བྱས་པ་དང་། རྒྱལ་ཁབ་ཀྱི་མ་འཇོག་ལས་གཞི་རྣམ་གྲངས་ཀྱིས་ས་གནས་དེ་གའི་ཞིང་འབྲོག་པ་ལས་མི་སྤྱོད་ཚད་བསྡོམས་འབོར་གྱི30%ཡན་ཟིན་པ་དང་། ལྗོངས་ཡོངས་ཀྱི་ཐོན་ལས་རྣམ་གྲངས་སྣ་ཚོགས་ནང་ས་གནས་དེ་གའི་ཞིང་འབྲོག་པ་བཀོལ་བའི་མི་གྲངས2018ལོ་ལས་ལྡབ5ཙམ་ཟིན་ཡོད། 

བོད་ལྗོངས་ཀྱིས་ད་དུང“མངགས་ཐོའི་གནས་གཏན་འཁེལ་རྣམ་པའི”རྩལ་ནུས་གསོ་སྦྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁྲོམ་རའི་དགོས་མཁོ་དང་མང་ཚོགས་ཀྱི་གསོ་སྦྱོང་གི་འདུན་མ་ཟུང་འབྲེལ་བྱས་ཏེ་སྲིད་གཞུང་སྡེ་ཁག་གིས་སྣེ་ཁྲིད་པ་དང་། ཁེ་ལས་ཀྱིས་ལས་གནས་ཀྱི“མངགས་ཐོ”མཁོ་འདོན་བྱེད་པ། གསོ་སྦྱོང་སྒྲིག་གཞིས་གསོ་སྦྱོང་གི“མིང་ཐོ”བཟོས་པ། མང་ཚོགས་དབུལ་པོ་གསོ་སྦྱོང་བྱས་རྗེས“ཁ་ཕྱོགས་གཏན་ཁེལ”ལས་ཞུགས་ཀྱི་གསོ་སྦྱོང་བྱེད་སྟངས་གསར་པ་བཏོད་ཡོད། 2019ལོར་ལྗོངས་ཡོངས་ཀྱི“མངགས་ཐོའི་གནས་གཏན་འཁེལ་རྣམ་པའི”རྩལ་ནུས་གསོ་སྦྱོང་གིས་གསོ་སྦྱོང་བསྡོམས་འབོར་གྱི40%ཡན་བཟུང་བ་དང“མངགས་ཐོའི་གནས་གཏན་འཁེལ་རྣམ་པའི”གསོ་སྦྱོང་ནང་ཞུགས་མཁན་ཞིང་འབྲོག་པའི་ལས་ཞུགས་ཐུབ་ཚད100%ཟིན་ཡོད་པ་རེད། 

རྒྱུས་ལོན་བྱུང་བར་གཞིགས་ན། 2020ལོར། བོད་ལྗོངས་ཀྱིས་ཞིང་འབྲོག་པའི“དངོས་གཞི་ཅན”དང“རྩ་འཛུགས་ཅན”གྱི་ལས་ཞུགས་གཞན་སྒྱུར་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་ཞིང་འབྲོག་པ་ཁྲི60ལས་ཞུགས་གཞན་སྒྱུར་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར42མངོན་འགྱུར་བྱུང་ནས་ཞིང་འབྲོག་པའི་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་མི་རེའི་ཆ་སྙོམས་ཡོང་འབབ2019ལོ་ལས20%ཡན་འཕར་བར་བརྩོན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག“རིམ་པ་བཞི་པའི་ངལ་ནུས་ཕྱིར་གཏོང་རྩ་འཛུགས”མགྱོགས་སུ་བཙུགས་ནས་ལོ་མཇུག་ཏུ་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཏེ་ལོ་ཧྲིལ་པོར་ངལ་ནུས་ཕྱིར་གཏོང་གི་གྲངས་འབོར་གྱིས་ལས་ཞུགས་གཞན་སྒྱུར་གྱི་མི་གྲངས་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད50%ལས་བརྒལ་བ་བརྩོན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།