འདི་ནི2019ལོར་བོད་རང་སྐྱོང་ལྗོངས་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་གནམ་གཤིས་བརྟག་དཔྱད་ས་ཚིགས་འཛུགས་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2019ལོར་བོད་ལྗོངས་ཀྱི་གནད་འཕིགས་དབུལ་སྐྱོར་གྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས490ཚང་མ་སྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་བོད་ལྗོངས་ས་ངོས་གནམ་གཤིས་བརྟག་དཔྱད་ཚིགས་དཀོན་པའི་རྣམ་པ་སྒྱུར་ནས་དབུལ་ཕོངས་ས་ཁུལ་གྱི་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་རོགས་སྐྱོར་བྱས་ཡོད་པ་རེད།
འདི་ནི2019ལོར་བོད་རང་སྐྱོང་ལྗོངས་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་སྒྲིག་ཆས་ཚོད་སྒྲིག་བྱེད་བཞིན་པའི་ཚུལ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁོངས་རྒྱ་ཆེ་བ་དང་། ལམ་ཐིག་རིང་བ། འཛུགས་སྐྲུན་ས་ཚིགས་ཀྱི་གྲངས་འབོར་མང་བ། ས་ཚུགས་གནས་ཡུལ་རྙོག་འཛིང་ཆེ་བ། བགྲོད་ལམ་ཆ་རྐྱེན་ཞན་པ། གནམ་གཤིས་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་སོགས་ཀྱི་དཀའ་ངལ་མང་པོར་འཕྲད་སྐབས་བོད་ལྗོངས་ཀྱིས་ཟླ5ནང་དེ་སྔའི་འཆར་གཞི་ལྟར་བརྩིས་ནས་ལོ་ཁ་ཤས་ནང་ལེགས་གྲུབ་ཟིན་པའི་ས་ཚིགས་བསྐྲུན་རྒྱུའི་ལས་འགན་ལེགས་སྒྲུབ་བྱས་ཤིང་། སྔོན་དཔག་བྱས་པའི2020ལོའི་ཡར་སྔོན་དུ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དབུལ་པོར་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་བ་རེད།
བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ་དུ་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྱབ་ཚད2018ལོའི28.47%ནས་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་སྟེ2019ལོའི་ལོ་མཇུག་གི100%བར་སླེབས་ཡོད་ཅིང་། “སའི་གོ་ལའི་སྣེ་གསུམ་པའི”གནམ་གཤིས་བརྟག་དཔྱད་ཀྱི་ལོང་ཁུལ་རྒྱ་སྐྱེད་དང་ཁ་གསབ་བྱས་ཡོད།
འདི་ནི2019ལོར་བོད་རང་སྐྱོང་ལྗོངས་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་གནམ་གཤིས་བརྟག་དཔྱད་ས་ཚིགས་འཛུགས་པའི་ཚུལ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཤང་དང་གྲོང་རྡལ་གྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས490བཙུགས་པ་བརྒྱུད། བོད་ལྗོངས་རིགས་ཁག་གི་ས་ངོས་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་བསྡོམས་འབོར756ལ་སླེབས་པ་དང་། ས་ངོས་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་དྲ་རྒྱའི་ཁྱབ་ཚད2004ལོའི་ཆ་སྙོམས་སྤྱི་ལེ་གྲུ་བཞི་མ་ཁྲི་རེར0.3ནས6.2བར་མཐོ་རུ་ཕྱིན་ནས་རྫོང་ཚང་མར་གནམ་གཤིས་ཅུའུ་དང་ཤང་ཚང་མར་གནམ་གཤིས་ས་ཚིགས་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ལྗོངས་ཀྱིས་ཤང་ཚང་མར་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ནས་གཞི་རིམ་དབུལ་ཐར་ལ་རམ་འདེགས་བྱས་པ།