2019ལོར་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི4000ལས་བརྒལ་བ་སྣེ་ལེན་བྱས།

138687822_15784692688381n.jpg

འདི་ནི་ཡུལ་སྐོར་བ་གཉིས་ཀྱིས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ལྭ་གྱོན་ནས་དྲན་རྟེན་མཉམ་པར་ལེན་བཞིན་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྲེང་འབྲེལ་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་དེ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་འབབ་འཕར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་ལྗོངས་ཀྱིས2019ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4000ལས་བརྒལ་བ་སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་དུང་ཕྱུར560སླེབས་ཡོད། ཞིང་འབྲོག་པ་ཁྲི40ཡུལ་སྐོར་ཐོན་ལས་ནང་ཞུགས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྔར་བས་རོགས་རམ་བྱས། །

138687822_15784692689001n.jpg

འདི་ནི་ཡུལ་སྐོར་བས་མཁའ་རེག་ལ་འཁྱགས་རོམ་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད། 

138687822_15784692689471n.jpg

འདི་ནི་ཡུལ་སྐོར་བ་ཞིག་གིས་བར་སྐོར་ཁྲོམ་གཞུང་དུ་དྲན་རྟེན་འདྲ་པར་ལེན་བཞིན་པའི་ཚུལ་རེད།

138687822_15784692689781n.jpg

འདི་ནི་ཡུལ་སྐོར་བ་ཆུང་ཆུང་ཞིག་ལྷ་ས་གྲོང་ཁྱེར་ལྷོ་རིའི་སྤྱི་གླིང་གི་མཚེའུ་འགྲམ་དུ་རྩེད་མོ་རྩེ་བཞིན་ཡོད་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།