བོད་ལྗོངས་ཀྱི་གྲོང་རྡལ་གསུམ་ལ་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན་གྱི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ། གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ། རྩྭ་མདའ་རྫོང་མཐོ་ལྡིང་གྲོང་རྡལ་བཅས་གྲོང་རྡལ་གསུམ་ལ་རྒྱལ་ཁབ་ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན་གྱི་མཚན་སྙན་ཐོབ།

མིག་སྔར་བོད་ལྗོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན3དང་། ལོ་རྒྱུས་རིག་གནས་གྲོང་རྡལ་གྲགས་ཅན5། ལོ་རྒྱུས་རིག་གནས་ཞིང་སྡེ་གྲགས་ཅན4བཅས་ཡོད།

2019ལོར་བོད་ལྗོངས་ཀྱིས་བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་ཁྲི38.28བཏང་སྟེ། གྲོང་ཁྱེར་དང་ས་གནས་སོ་སོ་རུ་ལྗོངས་ཡོངས་ཀྱི་ལོ་རྒྱུས་སྲང་ལམ་ཁུལ་དབྱེ་བ་འབྱེད་པ་དང་ལོ་རྒྱུས་བཟོ་སྐྲུན་གྱི་གཏན་ཁེལ་བྱ་བ་རྩ་འཛུགས་བྱས་ཏེ། ལྗོངས་ཡོངས་སུ་བསྡོམས་པས་ལོ་རྒྱུས་སྲང་ལམ5དང་ལོ་རྒྱུས་བཟོ་སྐྲུན291སྙན་ཞུར་ཕུལ་ཡོད་ཅིང་། ཞིང་སྡེ16ཀྲུང་གོའི་སྲོལ་རྒྱུན་ཞིང་སྡེའི་མིང་ཐོ་རུ་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།