གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་རིང་ལ། གཞིས་རྩེ་གྲོང་ཁྱེར་ཆུ་བེད་ཅུའུ་ཡིས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ཀྱི“གཙང་སེལ་དང་མཇུག་བསྡུ་བའི”བྱ་འགུལ་ལག་བསྟར་བྱས་ནས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ཀྱི་ཆེས་མཐའ་མཇུག་གི་བྱ་བ་ལེགས་པོར་སྒྲུབ་ཏེ་རོང་འབྲོག་མང་ཚོགས་ཀྱིས་བདེ་འཇགས་དྭངས་གཙང་ཀྱི་ཆུ་འཐུང་ཐུབ་པར་ཁེག་ཐག་བྱས། 

རྒྱུས་ལོན་པ་ལྟར་ན། 2019ལོར། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར5.914བཏང་སྟེ། ཞིང་སྡེ1116ལ་འཐུང་ཆུ་བདེ་འཇགས་ལས་གཞི་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། གཙོ་བོ་རྒྱལ་རྩེ་དང་རྣམ་གླིང་སོགས་དབུལ་ཕོངས་ཞྭ་མོ་ཕུད་པའི་རྫོང་དྲུག་གི་ཁྱིམ་ཚང45036གི་མང་ཚོགས་ཁྲི21.6དང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང27718ཡི་མི6.106གི་འཐུང་ཆུ་བདེ་འཇགས་ལས་གཞི་གྱི་འཛུགས་སྐྲུན་ལས་འགན་ཐག་གཅོད་བྱས། མ་དངུལ་སྒོར་ཁྲི6287.75བཏང་སྟེ་དུས་མཉམ་དུ་རྫོང་དང་ཆུས12ཀྱི་ཞིང་སྡེའི་འཐུང་ཆུ་བདེ་འཇགས་སྲ་བརྟན་མཐོར་འདེགས་དང་ཞིག་གསོ་བསྒྱུར་བཀོད་ལས་གཞི85ལེགས་འགྲུབ་བྱས། 2019ལོའི་ཟླ9བའི་ཟླ་མཇུག་བར་དུ་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཞིང་སྡེའི་འཐུང་ཆུ་བདེ་འཇགས་ལས་གཞི་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། གྲོང་ཁྱེར་ཡོངས་ཀྱིས་རང་འབབ་ཆུ་ཁྱབ་གདལ་གཏོང་ཚད91.1%ལ་སླེབས་པ་དང་། གཅིག་བསྡུས་ངང་ཆུ་འདོན་སྤྲོད་བྱེད་ཚད91.3%ལ་སླེབས། ཆུ་འདོན་འགན་སྲུང་བྱེད་ཚད94.1%ལ་སླེབས་ནས་ཆུ་སྤུས་ཚད་གཞིར་ལོན་ཚད100%བཅས་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།