བོད་ལྗོངས་ཀྱི“གསང་སྤྱོད་གསར་བརྗེའི”རྣམ་གྲངས་འཛུགས་སྐྲུན་གཞི་རྩའི་ཆར་ལེགས་གྲུབ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་གསར་འགོད་པར་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་གྱི་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་ཀྱིས་གསང་སྤྱོད་གསར་བརྗེར་སྐུལ་སྤེལ་ཧུར་ཐག་བཏང་ནས་གསང་སྤྱོད་1909བསྐྲུན་ཏེ། ལྗོངས་ཡོངས་སུ་གཅིག་གྱུར་གཏན་འཁེལ་བྱས་པའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་གཞི་རྩའི་ཆར་ལེགས་གྲུབ་བྱུང་ཡོད།

ཉེ་བའི་ལོ་ཤས་རིང་། བོད་ཀྱིས་གསང་སྤྱོད་གསར་བརྗེ་རྨང་གཞིའི་འདུ་འགོད་དང་། ཤེས་དཔལ་འདུ་འགོད། དམངས་འཚོའི་འདུ་འགོད་བཅས་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསང་སྤྱོད་གསར་སྐྲུན་དང་བསྐྱར་སྐྲུན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དེས་གྲོང་མིར་སྟབས་བདེ་བྱུང་བ་མ་ཟད། གྲོང་ཁྱེར་གྱི་གནས་ཚད་དང་ཕྱི་ཕྱོགས་ཀྱི་གཟུགས་བརྙན་ཡང་ལེགས་སུ་ཆེས་ཆེར་སོང་ཡོད།

“ལོ་འདི་དག་རིང་། ལྷ་སའི་སྤྱི་པའི་གསང་སྤྱོད་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ནས་ཁོར་ཡུག་ཇེ་ཡག་ཏུ་སོང་བ་མ་ཟད། སྒྲིག་བཀོད་སྒྲིག་ཆས་ཀྱང་ཆ་ཚང་དུ་སོང་ཡོད” སྤྱི་པའི་གསང་སྤྱོད་དོ་དམ་པ་ཕུན་ཚོགས་དབྱངས་ཅན་སྤྱི་པའི་གསང་སྤྱོད་ཀྱི་གཙང་སྦྲའི་ལས་ལ་ཞུགས་ནས་ལོ་ངོ་20ལྷག་ཙམ་སོང་ཞིང་། ཁོང་ད་ཆ་བར་སྐོར་ཁྲོམ་གཞུང་གི་གསང་སྤྱོད་ཅིག་གི་གཙང་སྦྲའི་འགན་འཁུར་བཞིན་ཡོད།

བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས་གསང་སྤྱོད་གསར་བརྗེ་ལས་བོད་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་འཆར་འགོད་ཡག་པོ་མེད་པ་དང་། གྲངས་འབོར་ཉུང་བ། འཛུགས་སྐྲུན་སྤུས་ཚད་ཞན་པ། གཉེར་སྐྱོང་དོ་དམ་ཞན་པ་སོགས་ཀྱི་སྣང་ཚུལ་རིམ་བཞིན་ལེགས་སུ་སོང་ནས་བོད་ཀྱི་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མྱུར་དུ་གཏོང་བ། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་སྐྲུན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཤེས་དཔལ་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།