བོད་ལྗོངས་ཀྱིས་དབུལ་ཕོངས་ཤང་གྲོང685ལ་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནད་འཕིགས་དབུལ་སྐྱོར་གནམ་གཤིས་བརྟག་དཔྱད་ས་ཚིགས490འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱེད་འགོ་བརྩམས་པ་དང་བསྟུན་ནས། བོད་ལྗོངས་ཀྱིས་དབུལ་ཕོངས་ཤང་གྲོང685ལ་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོངས་སུ་ཁྱབ་པའི་དམིགས་འབེན་མངོན་འགྱུར་བྱས་པ་མཚོན། དེར་བརྟེན་བོད་ལྗོངས་སུ་ས་ངོས་ཀྱི་གནས་གཤིས་བརྟག་དཔྱད་ས་ཚིགས་ཉུང་བའི་གནས་ཚུལ་འགྱུར་ལྡོག་བྱུང་ནས་དབུལ་ཕོངས་ཤང་གྲོང་དུ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་ལོང་ཁུལ་ཁྱོན་ཡོངས་ནས་མེད་པར་བཟོས།

གསར་འགོད་པས་ཚེས9ཉིན་བོད་ལྗོངས་གནམ་གཤིས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་གྲོང་རྡལ་དུ་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཁྱབ་ཚད2018ལོའི28.47%ནས2019ལོའི100%བར་ཇེ་མཐོར་སོང་བ་དང་། ས་ངོས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་དྲ་རྒྱ་ཁྱབ་ཚད2004ལོའི་ཆ་སྙོམས་སུ་སྤྱི་ལེ་གྲུ་བཞི་མ་རེར0.3ནས6.2བར་མཐོར་འདེགས་བྱུང་། རིགས་སོ་སོའི་ས་ངོས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་ཀྱི་སྤྱི་གྲངས756ལ་སླེབས་ཡོད་དེ། རྫོང་རེ་རེར་གནམ་གཤིས་བརྟག་དཔྱད་ཅུའུ་ཡོད་པ་དང་ཤང་རེ་རེར་གནམ་གཤིས་བརྟག་དཔྱད་ས་ཚིགས་ཡོད་པ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།