བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར117བཏང་སྟེ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་འཛུགས་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས8ཉིན། གསར་འགོད་པས་བོད་ལྗོངས་ཀྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར117བཏང་སྟེ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་འཛུགས་སྐྲུན་བྱས་ཤིང་། སྐྱེ་ཁམས་མངའ་ཁོངས་ཀྱི་དངུལ་གཏོང་འཕར་ཚད20%ཡན་བར་ཇེ་མཐོར་བཏང་སྟེ།   ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས99%ཡན་ཟིན་པ་དང་ས་ངོས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད100%ཟིན་ནས་གངས་ལྗོངས་མཐོ་སྒང་གི་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་བ་བཅས་ཕྱོགས་ཡོངས་ནས་སྲུང་སྐྱོང་ཡག་པོ་བྱས་ཏེ་བོད་ལྗོངས་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པར་འགན་སྲུང་བྱས་ཡོད། 

རྗེས་མར། བོད་ལྗོངས་ཀྱིས་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། ནགས་རྩྭ་གཉེར་སྐྱོང་ལམ་ལུགས་འཚོལ་ཞིབ་བྱས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྣོད་བཅུད་མ་ལག་སྲུང་སྐྱོང་བྱེད་པ་དང་། ཆུའི་ཐོན་ཁུངས་དང་། ནགས་ཚལ། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རང་སྐྱོང་ལྗོངས་རིམ་པའི་གཙང་པོ་དང་མཚེའུ་གཙོ་བོ20ཡི་དོ་དམ་ཁྱབ་ཁོངས་དབྱེ་འབྱེད་གཏན་འཁེལ་གྱི་ལས་དོན་ལེགས་པོར་སྒྲུབ་ནས། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་ས་མཚམས་ཐིག་ལེན་གྱི་ཚད་གཞི་མུ་མཐུད་དུ་གཏན་འཁེལ་བྱེད་པ་བཅས་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལེགས་སྒྲིག་བྱ་བར་སྔར་ལས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།