ཝུའུ་དབྱིང་ཅེ་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

e448afc1-fc0c-4a21-a1c4-5801d1318f37.jpg.1.jpg

ཟླ1ཚེས7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ཁྲོད་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་གྲོས་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚེས7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ཁྲོད་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་རེད།

ལིའུ་ཅང་དང་། ཅུས་ཅན་ཧྭ། ཀྲང་ཡན་ཆིང་། མོང་ཞའོ་ལིན། ཀྲང་ཧུང་པོ་བཅས་ཞུགས་ཡོད་པ་རེད།

ཝུའུ་དབྱིང་ཅེ་གཞི་རིམ་གྱི་འཐུས་མི་ཚོའི་ཁྲོད་དུ་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་བ་དང་སྤེལ་རེས་ཞིབ་ཚགས་གནང་བ་མ་ཟད། ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཡང་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་ཚང་མས་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་སྤེལ་ཞིང་། འཐུས་མི་བསོད་ནམས་སྒྲོལ་དཀར་དང་། ཚེ་རིང་རྒྱལ་བསྟན། ཐུབ་བསྟན་སྙིང་པོ་སོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་དམིགས་ནས་སློབ་གསོའི་བྱ་གཞག་དང་། གཞི་རིམ་གྱི་སྨན་བཅོས། རིག་དངོས་སྲུང་སྐྱོབ། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད། ཝུའུ་དབྱིང་ཅེས་གསན་ཞོར་དུ་ཟིན་བྲིས་བསྐྱོན་བཞིན་འབྲེལ་ཡོད་གནད་དོན་སྐོར་ལ་ཚང་མ་དང་མཉམ་དུ་གྲོས་བསྡུར་དང་སྤེལ་རེས་གཏིང་ཟབ་གནང་བ་དང་། ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

འདི་ལོའི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་ལ་ཝུའུ་དབྱིང་ཅེས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ཏང་འཛུགས་སྐྱོང་གི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩི་བ། རྒྱུན་གཏན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་མིག་རྒྱང་ཞིང་འབྲོག་ཁུལ་དང་། ཞིང་འབྲོག་ལས། ཞིང་འབྲོག་པ་བཅས་ལ་དེ་བས་མང་བ་ཕྱོགས་པ། ལས་ཀའི་གཙོ་གནད“ཞིང་གསུམ”ཁྱབ་ཁོངས་ལ་ཕྱོགས་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

གཅིག་ནས་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས“མཚམས་འཇོག་མི་བྱེད་པ་བཞི”དོན་འཁྱོལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཡག་པོ་གཏོང་དགོས། གཞིས་རྩེ་གྲོང་ཁྱེར་དུ་ཞིང་ལས་རྫོང་དང་འབྲོག་ལས་རྫོང་ཡོད་ལ་མཐའ་མཚམས་རྫོང་ཡང་ཡོད་པའི་དོན་དངོས་ལ་གཞིས་ཚུགས་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས། རང་ས་རང་ཡུལ་ནས་མི་བྲལ་བ། བྱེད་ཤེས་པ་དང་བྱེད་མཁས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དབུལ་སྐྱོར་སྲིད་ཇུས་ཡག་པོ་སྤྱོད་པ་དང་འགན་སྲུང་བྱེད་ཐབས་ཤུགས་ཆེར་གཏོང་བ། མ་དངུལ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཕྱོགས་རྒྱུ་མཐའ་འཁྱོངས། ཐོན་ལས་ལ་རོགས་སྐྱོར་དང་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་གནད་སྨིན་སྒྲུབ་པ། ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་དང་ཟུར་སྣོན་རིན་ཐང་འཕར་ཐབས་བྱེད་པ། ངོ་བོ་གཅིག་མཚུངས་ཅན་གྱི་ཕྱོགས་ལྷུང་མི་ལྷག་པ་བཅས་བྱས་ནས་ཐོན་ལས་རྒྱུན་མཐུད་ཆོག་པ་དང་ཁྱབ་གདལ་གཏོང་རུང་བའི་འགན་ལེན་དང་མང་ཚོགས་དབུལ་སྒྲོལ་ཐུབ་ནས་དབུལ་པོ་བསྐྱར་ལོག་མི་བྱེད་པའི་འགན་ལེན་བྱེད་དགོས་པ་དང་། “ལྟོ་གོས”ལ་དོ་དམ་དང“བསམ་བློར”དོ་དམ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གསོན་ཉམས་ལྡན་པའི་བསླབ་གཞི་ཡག་པོ་སྤྱོད་པ་དང་། མང་ཚོགས་དབུལ་པོར་དྲིན་ཚོར་མདུན་སྐྱོད་དང་། རང་སྟོབས་རང་འཕེལ། དཀའ་སྤྱད་འབད་བརྩོན་བཅས་བྱེད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་ཕོངས་ཀྱི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་དགོས་པ། གསུམ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལ་དམིགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཀོད་སྒྲིག་བྱས་པའི་གྲོང་གསེབ་ཀྱི་ལས་དོན་དང་འབྲེལ་བའི་ལས་འགན་དོན་འཁྱོལ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། དཀའ་གནད་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་མང་ཚོགས་ལ་སྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་ཚན་ཞིབ་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་དང་མང་ཚོགས་ཚོར་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་པའི་བསམ་བློ་བརྟན་པོར་བཙུགས་ནས་གང་ཐུབ་ཅི་ཐུབ་དང་། ནུས་པས་ལྕོགས་ཚོད། གྲོན་ཆུང་སྔོན་ལ་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། དགོས་པའི་དུས་སུ་སྨིན་པའི་བྱ་བ་མང་ཙམ་སྒྲུབ་པ། ཕྱིར་སྐྱོད་དང་། སྨན་བཅོས། སློབ་ཞུགས། བདེ་འཇགས་འཐུང་ཆུ་སོགས་མང་ཚོགས་ཚོའི་འཕྲལ་མཁོ་ཆེ་ཤོས་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་དཀའ་གནད་དངོས་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བཞི་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་བཟོས་པའི་ཤུགས་རྐྱེན་ངན་པ་སེལ་བ། རྒྱ་ཆེའི་མང་ཚོགས་ཚོར་ཆོས་ལུགས་ལ་དཔྱོདཤེས་ཀྱི་ལྟ་སྟངས་འཛིན་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་སེམས་ནུས་མང་ཆེ་བ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་བཞག་ནས“བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར”བྱེད་དགོས། ལྔ་ནས་ཏང་འཛུགས་སྐྱོང་སྟོབས་ཆེན་འགན་ལེན་མཐའ་འཁྱོངས་བྱས་ཏེ་ཏང་གིས་བོད་ལ་སྲིད་སྐྱོང་བའི་གནས་བབ་བརྟན་དུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།