བོད་ལྗོངས་ཀྱིས་ད་ལོར་མཐའ་མཚམས་འབྱོར་འབྲིང་ཞིང་སྡེའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས7ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་རྒྱུས་ལོན་པ་ལྟར་ན། 2020ལོར་བོད་ལྗོངས་ཀྱིས་མཐའ་མཚམས་འབྱོར་འབྲིང་ཞིང་སྡེའི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱ་རྒྱུ་དང་། མུ་མཐུད་དུ་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་སྟེ། མཐའ་མཚམས་ས་ཁུལ་དང་པོའི་མང་ཚོགས་ཀྱི་ཁ་གསབ་སྒོར6000བར་ཇེ་མཐོར་བཏང་།

2020ལོའི་བོད་ལྗོངས་ཀྱི《སྲིད་གཞུང་བྱ་བའི་སྙན་ཞུ》ལས་བསྟན་དོན། 2019ལོར་བོད་ལྗོངས་ཀྱིས་ཆེད་དམིགས་འཆར་འགོད་ཇུས་གཞི་གཏན་འབེབས་བྱས་ཏེ། མཐའ་མཚམས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་ཇེ་མགྱོགས་སུ་བཏང་། བདེ་སྐྱིད་མཛེས་སྡུག་མཐའ་མཚམས་འབྱོར་འབྲིང་ཤང་འཛུགས་སྐྲུན་ལེགས་འགྲུབ་བྱུང་ལ། མཐའ་མཚམས་འབྱོར་འབྲིང་ཞིང་སྡེའི་ལས་གཞི་ཡོངས་རྫོགས་སྤེལ་འགོ་བརྩམས་ཤིང་། ཞིང་སྡེ153འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་སྔར་ལས་ལེགས་བཅོས་ཆེན་པོ་བྱུང་། མཐའ་མཚམས་ས་ཁུལ་དང་པོ་དང་གཉིས་བའི་ཁ་གསབ་མ་དངུལ་སོ་སོར་སྒོར4700དང4500བར་ཇེ་མཐོར་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།