བོད་ལྗོངས་ཀྱིས“སྐྱེ་ཁམས+”ཐོན་ལས་འཕེལ་རྒྱས་སུ་བཏང་ནས་རིགས་སོ་སོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར97.7དངོས་འབེབས་བྱས།

1578383677141776.jpg

འདི་ནི་ཇོ་མོ་གླང་མའི་འཁྱགས་རོམ་གྱི་ཆུ་ཁུངས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེས་དགྲ་ལྷས་ཟླ1པོའི་ཚེས7ཉིན་བཤད་རྒྱུར། 2019ལོར་བོད་ལྗོངས་ཀྱིས་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་སྤོ་སྒྱུར་གཏོང་སྤྲོད་སོགས་རིགས་སོ་སོའི་གཟེངས་བསྟོད་ཁ་གསབ་མ་དངུལ་མི་དམངས་ཤོག་སྒོར་སྒོར་དུང་ཕྱུར97.7དངོས་འབེསས་བྱས་ཡོད་ཟེར།

ཟླ1པོའི་ཚེས7ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པ་ལྷ་ས་རུ་ཚོགས་འགོ་བརྩམས་པ་དང་། ཚོགས་ཐོག་ནས་ཆེས་དགྲ་ལྷས་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་སྐབས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་མཛེས་སྡུག་གི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། དེའི་ཁྲོད་བོད་ལྗོངས་ཀྱི་སྐྱེ་ཁམས་དམངས་ཕན་དང་དཔེ་སྟོན་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏིང་ཟབ་བཏང་ནས།“སྐྱེ་ཁམས+ཞིང་ཕྱུགས”“སྐྱེ་ཁམས+གནས་སྐོར”སོགས་ཐོན་ལས་མུ་མཐུད་དུ་ཇེ་ཆེར་བཏང་། ཆབ་མདོ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དང་རྫོང་གི་མཚན་སྙན་ཐོབ་པ་དང་། ལྷུན་རྩེ་རྫོང་རྒྱལ་ཁབ་ཀྱི“ཆུ་དྭངས་མོ་དང་རི་སྔོན་པོ་ནི་གསེར་རི་དངུལ་རི་ཡིན”པ་འཛུགས་སྐྲུན་བྱེད་པའི་ལག་ལེན་གསར་གཏོད་རྟེན་གཞི་རུ་གྱུར། བསྡོམས་པས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་རྫོང17དང་། སྐྱེ་ཁམས་ཤང་གྲོང213། སྐྱེ་ཁམས་ཞིང་སྡེ2373ལ་མིང་བཏགས་ཡོད་ཟེར།

སྙན་ཞུ་ལྟར་ན། 2019ལོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གཞི་ལག་བསྟར་གནས་ཚུལ་ལེགས་པོ་ཡིན། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ཟབ་མོ་བྱས་ཏེ་སྐྱེ་ཁམས་མངའ་ཁོངས་ཀྱི་དངུལ་གཏོང20%ཡན་འཕར་སྣོན་བྱུང་ཡོད། བོད་ལྗོངས་ཀྱིས་ས་ཁོངས་གཙོ་བོ་དག་གི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་དང་། བྱེ་འགོག་བྱེ་བཅོས། “མཚོ་གཉིས་གཙང་བཞི”བཞུར་རྒྱུད་ཀྱི་ནགས་སྐྲུན་ལྗང་སྒྱུར་བྱ་བ་བསྟུད་མར་སྤེལ། 2019ལོར་བོད་ལྗོངས་ཀྱིས་གསར་དུ་ནགས་ཚུལ་མུའུ་ཁྲི130.7ཁ་སྣོན་བྱས་ལ། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ“སྡོང་བོ་མེད་པའི་ཞིང་སྡེ”དང“སྡོང་བོ་མེད་པའི་ཁྱིམ་ཚང”“སྡོང་བོ་མེད་པའི་སྡེ་ཁག”མེད་པར་བཟོས།

སྙན་ཞུ་ལས་བསྟན་དོན། བོད་ལྗོངས་ཀྱིས2020ལོར་མུ་མཐུད་དུ་གནམ་སྔོན་པོ་དང་ས་སྔོ་ལྗང་། ཆུ་དྭངས་མོ་བཅས་རྒྱུན་འཁྱོངས་བྱས་ཏེ། བཙོག་ཆུ་གཙང་བཅོས་ལ་སྐུལ་འདེད་དང་། གད་སྙིགས་རིགས་དབྱེའི་ཚོད་ལྟའི་ས་ཚིགས་རྒྱ་བསྐྱེད་དེ། རྫས་ལུད་དང་ཞིང་སྨན་བཀོལ་སྤྱོད་བྱེད་ཚད10%མར་ཆག་རྒྱུ་དང་། ཞིང་སའི་ཁོར་ཡུག་སྤུས་ཚད་བརྟན་རླིང་ཡིན་པ་དང་། གཙང་བོ་དང་མཚེའུ་གཙོ་བོ་དག་གི་ཆུ་སྤུས་ཚད་གཞིⅢལས་མི་དམན་པ། མཁར་གྲོང་གི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་སྤུས་ཚད100%ཡི་ཚད་གཞིར་ལོན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།