ལྷ་ཉིང་ལྕགས་ལམ་གློག་རླངས་ཅན་གྱི་ཨར་ལས་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་པ།

138679809_15782206205591n.jpg

འདི་ནི་ཚེས3ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུའུ་ཚོགས་པའི་ཞི་ཨན་གློག་འགྱུར་ཀུང་སིའི་བཟོ་པས་གློག་རླངས་ཅན་གྱི་ཨར་ལས་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་ལྷ་ཉིང་ལྕགས་ལམ(ལྷ་ས་ནས་ཉིང་ཁྲི་བར)གྱི་གློག་རླངས་ཅན་གྱི་ཨར་ལས་ཁྱོན་ཡོངས་ནས་སྐྲུན་འགོ་ཚུགས་ཤིང་། ཟླ1པའི་ཚེས3ཉིན་བར་ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་མཐུད་སྦྲེལ་ལྕགས་སྒྲོམ76%བསྐྲུན་ཟིན་པ་རེད། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་སྤྱི་ལེ435.48ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160ཇུས་འགོད་བྱས་ཡོད་ལ། དེ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད། 

138679809_15782206206311n.jpg

འདི་ནི་ཚེས3ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུའུ་ཚོགས་པའི་ཞི་ཨན་གློག་འགྱུར་ཀུང་སིའི་བཟོ་པས་གློག་རླངས་ཅན་གྱི་ཨར་ལས་བྱེད་བཞིན་པ། 

138679809_15782206206791n.jpg

འདི་ནི་ཚེས1ཉིན་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུའུ་ཚོགས་པའི་ཞི་ཨན་གློག་འགྱུར་ཀུང་སིའི་བཟོ་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ཟམ་ཆེན་ཐོག་གློག་རླངས་ཅན་གྱི་ཨར་ལས་བྱེད་བཞིན་པ། 

138679809_15782206207321n.jpg

འདི་ནི་ཚེས1ཉིན་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུའུ་ཚོགས་པའི་ཞི་ཨན་གློག་འགྱུར་ཀུང་སིའི་བཟོ་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་གློག་རླངས་ཅན་གྱི་ཨར་ལས་བྱེད་བཞིན་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།