འདི་ནི་འཕྱོངས་རྒྱས་རྫོང་གི་ལས་བྱེད་པས་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱོན་ཡོངས་ཡོངས་བཤེར་ལས་དོན་སྤེལ་བའི་རྣམ་པ་ཡིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཚོགས་འདུ་འཚོགས་ནས། ཁྱོན་ཡོངས་ཡོངས་བཤེར་ལས་དོན་བཀོད་སྒྲིག་བྱས་ཏེ། རྫོང་དེ་ཡོངས་ཀྱི་དུད་ཚང་དབུལ་པོ་དང་དེ་བཞིན་དབུལ་མཚམས་ཀྱི་དུད་ཚང100%དང་དབུལ་པོ་མིན་པའི་དུད་ཚང60%ལ་བསྐྱོད་དེ་ཡོངས་བཤེར་ཐུབ་པའི་འགན་ལེན་བྱས་ཤིང་། ཡོངས་བཤེར་ནང་དོན་ལ་འོས་འགན་སློབ་གསོ་འགན་ལེན་དང་། གཞི་རྩའི་སྨན་བཅོས་འགན་ལེན། ཡིག་ཚགས་དང་གཱ་བཟོས་པའི་གྲངས་གཞིའི་སྤུས་ཚད་སོགས་ཚུད་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མི་གཅིག་ཀྱང་མ་ལུས་པར་དབུལ་སྒྲོལ་ཡོངས་བཤེར་བྱས་པ།