ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་སྔོན་དུ་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཡུལ་སྐོར་ཐོན་ཁུངས་དང་འཆར་འགོད་ཨུ་ལྷན་གྱི་ཨུ་ཡོན་དང་མཁས་བ་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་རང་བྱུང་དངོས་མང་བཤམས་སྟོན་ཁང་དང་། འུན་ཤིང་ཀོང་ཇོ་བོད་ཀྱི་རིག་གནས་ཡུལ་སྲོལ་གླིང་གི་ལྗོངས་ཁུལ། རྨིག་སྟོད་འཁྱགས་རོམ་ཡུལ་སྐོར་ལྗོངས་ཁུལ། མཁའ་ལྡིང་ལུང་བའི་ཡུལ་སྐོར་ལྗོངས་ཁུལ། ཁྲ་འབྲུག་དགོན་གྱི་ཡུལ་སྐོར་ལྗོངས་ཁུལ། སྤོ་བོ་ཐོག་ཁང་དམར་པོའི་གསར་བརྗེའི་ལྗོངས་ཁུལ། ཡུལ་སྨད་རང་བྱུང་མི་ཆོས་ལྗོངས་ཁུལ། གཞིས་ཀ་རྩེའི་ཇོ་མོ་གླང་མ་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་བཅས་ལྗོངས་ཁུལ8ལ་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་གྱི་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞིར་སླེབས་ཡོད་པའི་ཞིབ་བཤེར་གཏན་འབེབས་མཛད།
འུན་ཤིང་ཀོང་ཇོ་བོད་ཀྱི་རིག་གནས་ཡུལ་སྲོལ་གླིང་ལྗོངས་ཁུལ་དེ་བོད་ལྗོངས་ཀྱི་རིག་གནས་འཁྲབ་སྟོན་བརྗོད་བྱ་གཙོ་བོར་བཟུང་པའི་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་ཐོག་མར་གྱུར།
བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིན་གྱིས་ཐེངས་འདིའི་དཔྱད་འདེམས་བྱས་པའི་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ་གྱིས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཡུལ་སྐོར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་ལྗོངས་ཁུལ་གྱི་ཚད་ལྡན་དོ་དམ་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་ཡག་པོ་བསྒྲུབས་ནས་ཡིད་དབང་འགུག་ནུས་དང་འགྲན་རྩོད་ནུས་པ་ཆེ་ཙམ་ཞིག་ཆགས་སུ་བཅུག་སྟེ་ས་གནས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐད་ཕན་འབྲས་བཟང་པོ་ཐོན་དུ་འཇུག་དགོས་ཅེས་བསྟན།
མིག་སྔའི་བར་བོད་ལྗོངས་སུ་ཡུལ་སྐོར་ལྗོངས་ཁུལ124ཡོད་པའི་ནང་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ4དང་། རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ20 ། རྒྱལ་ཁབ་ཀྱིA3རིམ་པའི་ལྗོངས་ཁུལ54 ། རྒྱལ་ཁབ་ཀྱིA2རིམ་པའི་ལྗོངས་ཁུལ32 ། རྒྱལ་ཁབ་ཀྱིA1རིམ་པའི་ལྗོངས་ཁུལ14བཅས་ཡོད་པ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
བོད་ལྗོངས་སུ་རྒྱལ་ཁབ་ཀྱིA4རིམ་པའི་ལྗོངས་ཁུལ8ཁ་སྣོན་བྱས།