འདི་ནི་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཐོན་ལས་ཁུལ་གྱི་བཟོ་པས་ཐོན་སྐྱེད་འཁོར་ཁང་དུ་ངལ་ལས་བྱེད་བཞིན་པའི་ཚུལ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་རྒྱུ་རྩ་བའི་བྱ་ཐབས་ལ་བརྩི་བ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཐོག་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་དང་། ལས་སྣོན། ཕྱིར་ཚོང་བཅས་ཟུང་འབྲེལ་དམ་ཟབ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཐོན་ལས་ལ་བརྟེན་ནས་ཕན་འབྲས་ཆེ་རུ་དང་ཚན་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་གསར་པ་བྱུང་བ།