ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་སླར་ཡང་འཕེལ་རྒྱས་གསར་པ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ལྕགས་ལམ་གློག་ལས་ཅན་ཅུས་པེ་ཅིང་གློག་ལས་ཅན་ཀུང་སིས་སྐྲུན་འགན་འཁུར་བའི་ལྷ་ཉིང་ལྕགས་ལམ་གྱི་འབྲེལ་མཐུད་དྲ་བའི་ཐེག་ཆེའི་དཔྱང་སྒྲོམ་ཐོག་མ་དེ་གྲ་ནང་ནས་གྲ་ཕྱིའི་བར་གྱི་རྨང་རྡོ་འཛུགས་དུམ་4པར་སྐྲུན་འགོ་བཙུགས་པ་དང་། དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་། རིང་ཚད་ལ་སྨི1415ཟིན་པའི་འབྲེལ་མཐུད་དྲ་བའི་ཐེག་ཆེའི་དཔྱང་སྒྲོམ་བདེ་བླག་ངང་བསྐྲུན་ནས་ལྷ་ཉིང་ལྕགས་ལམ་གྱི་འབྲེལ་མཐུད་དྲ་བའི་ཆེད་ལས་ཀྱི་རྗེས་མཐུད་ཨར་ལས་ལ་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།

ལྷ་ཉིང་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། ཇུས་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160ཟིན་པ་དང་། དེ་ནི་རྒྱལ་ཁབ་ལྕགས་ལམ་གྱི་རིམ་པ་དང་པོའི་ལམ་རྐྱང་གློག་ལས་ཅན་གྱི་མྱུར་བགྲོད་ལྕགས་ལམ་ཞིག་ཡིན་ལ། ཁྱོན་རིང་ཚད་སྤྱི་ལེ435.48(དེའི་ཁྲོད་གསར་དུ་བསྐྲུན་པའི་ལྕགས་ལམ་གྱི་རིང་ཚད་སྤྱི་ལེ403.6ཟིན་པ)ཟིན་གྱི་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།