བོད་ལྗོངས་མངའ་རིས་སུ་གློག་ཤུགས་བཟོ་པས་ས་བབ་མཐོ་ཚད་སྨི4807གྱི་སར་ལྕགས་སྒྲོམ་བཙུགས་པ།

e26deb10-a35a-4ff0-a26a-22f3ecd82c73.jpg.1.jpg

5b2a4aa3-a360-499f-b9af-448533a4680b.jpg.1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2019ལོའི་ཟླ12ཚེས22ཉིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཧོར་ཤང་མངའ་ཁོངས་སུ་གནས་པའི་ལྕགས་སྒྲོམ་ཨང12AN080པ་དེ་ཏུན50ཡི་འདེགས་འཁོར་གྱིས་བཏེགས་ཏེ། ས་ངོས་སུ་ལྷུ་སྒྲིག་ཟིན་པའི་ལུག་རྭའི་དབྱིབས་ཀྱི་ལྕགས་སྒྲོམ་གྱི་སྣེ་མོ་འཕྲལ་མར་མཁའ་དབྱིངས་སུ་བཏེགས་པ་དང་། དེ་ཐོག་ནས་མངའ་རིས་བོད་དབུས་རྒྱུད་ཀྱི་གློག་དྲ་དང་འབྲེལ་མཐུད་བྱེད་པའི་ལས་གཞིའི་ཆན་ཧྥུའུ220ཡི་ལམ་ཐིག(དུམ་བུ12ཚུད་པ)ཏུ་ལྕགས་སྒྲོམ་དངོས་སུ་འཛུགས་པའི་ལས་ཀའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།