འཕེལ་རྒྱས་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད། མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད།

—— ཉིང་ཁྲི་གྲོང་ཁྱེར་གྱི་2019ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐོར་བཀོད་པ།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པ།

སྣ་མང་གི་མི་ཆོས་རིག་གནས་ཁོར་ཡུག་གིས་ཉིང་ཁྲི་གྲོང་ཁྱེར་ལ་གསོན་ཤུགས་དེ་བས་མང་བ་སྦྱིན་པ་དང་། མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱས་པ་ལས་ཉིང་ཁྲིར་དེ་བས་དར་རྒྱས་ཆེན་པོ་བྱུང་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩིས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྐྱེད་སྲིང་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་བརྒྱབ་པ་དང་། མི་རིཌ་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་ངང་སྤེལ་ནས། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་སེམས་ལྔའི”བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཏེ། དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་དངོས་འབྲེལ་བྱུང་ཡོད།

“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་སློབ་སྦྱོང་དང“མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བ”སོགས་ཀྱི་གོ་སྐབས་སྤྱད་དེ། མི་རིགས་ཁག་གི་མང་ཚོཌ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱས་པ་དང་། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱིས་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ་དང་། རང་རྟོགས་ངང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པ་རེད།

མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱེད་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། དམངས་གཉེར་ཁེ་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཤུགས་ཆེར་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་ཐུབ་པར་བྱས་པ་རེད།

དབུལ་སྒྲོལ་འགག་སྒྲོལ་ཐད། རང་བརྟེན་དང་གཞན་བརྟེན་གཉིས་དང་། དབུལ་སྐྱོར་དང་རིག་སྐྱོར་གཉིས་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བར་རོགས་རམ་བྱེད་རྒྱུར་མཐོང་ཆེན་བྱས་པ་རེད། 2016ལོ་ནས་ད་བར། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་དུད་ཚང་དབུལ་པོ་6786དང་མི་འབོར་དབུལ་པོ་23467ཉུང་དུ་ཕྱིན་ནས་རྫོང(ཆུས)7ཚང་མ་དབུལ་ཞྭ་ཕུད་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གྲངས་ཉུང་མི་རིགས་འཕེལ་རྒྱས(མཐའ་དར་དམངས་ཕྱུག)ལ་སྒོར་ཁྲི་33457བཏང་སྟེ་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ། མི་རིགས་ཁག་མཐུན་སྒྲིལ་ཆེན་པོ་ཡོང་བའི་རྨང་གཞི་བརྟན་དུ་ནུས་ལྡན་བཏང་བ་རེད།

མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།

ཉིང་ཁྲི་གྲོང་ཁྱེར་གྱི་2019ལོའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅོ་ལྔ་པའི་ཐོག ཁེ་ལས་མང་པོ་ཞིག་ཉིང་ཁྲིར་བཅའ་སྡོད་བྱས་ཏེ་རྣམ་གྲངས་24ལ་མིང་རྟགས་བཀོད་པར་མ་འཇོག་སྒོར་དུང་ཕྱུར་38.758བྱས་ཡོད་པ་རེད།

སི་ཁྲོན་གཡག་རྔ་ནས་ཡིན་པའི་ཀྲེན་ཐེན་ཁྲེང་གིས་མང་ཚོགས་ལ་ཁམ་བུ་སྨི་ཧོའུ་འདེབས་འཛུགས་ཀྱི་ལག་རྩལ་དམར་ཁྲིད་བྱས་པ་དང་འབྲེལ། ཁམ་སྡོང་ཉོ་སྒྲུབ་དང་ཐོན་རྫས་ཕྱིར་འཚོང་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས་མང་ཚོགས་རང་ཉིད་ཀྱིས་འདེབས་འཛུགས་བྱེད་རྒྱུར་རོགས་རམ་བྱས་པ་དང་། རྫ་ཡུལ་རྫོང་གི་གྲོང་ཚོ་6ལ་ཁམ་མངར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་པར་སྤྱིའི་གཞི་ཁྱོན་མུའུ་2352ཟིན་པས་དུད་ཚང་281དང་མི་1456“རང་ཡུལ་ནས་ཁ་བྲལ་མི་དགོས་པར”ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་ཡོད། སྔོན་རྩིས་བྱས་ན། 2019ལོར་ཁམ་བུ་སྨི་ཧོའུ་སྤྱི་རྒྱ་ཁྲི་25ཐོན་རྒྱུ་དང་ཐོན་འབབ་རིན་ཐང་སྒོར་ཁྲི་1200ཟིན་པ། མང་ཚོགས་ལ་ས་ཞིང་བོགས་གཏོང་ཡོང་འབབ་སྒོར་ཁྲི་126དང་ལས་ཀའི་གླ་ཆ་སྒོར་ཁྲི་300རག་པ་དང་། གྲོང་གསེབ་མཉམ་སྡེབ་ལ་ཁེ་སྤོགས་སྒོར་ཁྲི་20བྱུང་བ་རེད།

དེ་དང་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པས། 2019ལོར་གྲོང་ཁྱེར་ཡོངས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་2དང་དཔེ་བཟང་མི་སྒེར་3དང་། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་11དང་དཔེ་བཟང་མི་སྒེར་19ཐོན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།