དཔྱིད་གསར་སྐྱེལ་འདྲེན་ཞབས་འདེགས་ལེགས། བདེ་འཇགས་ངང་ནས་ཁྱིམ་དུ་ལོག

4df892e6-9ef3-4491-b025-a8b64490a43a.jpg.1.jpg

འདི་ནི་འགྲུལ་པས་མེ་འཁོར་སྤ་སེ་ཚབ་འཚོང་བྱ་ཡུལ་དུ་གནས་ཚུལ་བློ་འདྲི་བྱེད་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་གཅིག་དུས་གཅིག་གི་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་ཉོ་པའི་མཚམས་སུ་སླེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ1ཚེས10ཉིན་ནས་འགོ་བཙུགས་ཏེ་ཟླ2ཚེས18ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཉེ་དུས། གསར་འགོད་པས་ལྷ་ས་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་གསལ། ཕ་ཡུལ་དུ་ལོག་མཁན་གྱི་ལས་མི་ཚང་མ་ལོ་ལྟར་དཔྱིད་གསར་སྐྱེལ་འདྲེན་གྱི་གཙོ་གནད་མི་ཚོགས་ཡིན་པ་རེད། འདི་ལོ་ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ལས་མི་བདེ་བླག་ངང་ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།