ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་ཏང་ཡོན་གྱིས་དམངས་ལ་ཞབས་འདེགས་ཞུ་མཁན་གྱི་གདོང་ལེན་པ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་གྱི་གཞི་རིམ་འབྲོག་པ་ཏང་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་འབྲོག་པ་ཏང་ཡོན་ཚོས་རང་ཉིད་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་པ་དང་ཆབས་ཅིག ཉེ་འགྲམ་གྱི་མང་ཚོགས་མ་བརྗེད་པ་བྱས་ཏེ་དུད་ཚང་དབུལ་པོར་དངུལ་དང་། དངོས་པོ། ནོར་ལུག་བཅས་ཞལ་འདེབས་བརྒྱབ་ནས་དུད་ཚང་དབུལ་པོའི་ངལ་རྩོལ་རྩལ་ནུས་ཆེ་རུ་བཏང་ཞིང་ཁོང་ཚོའི་བྱས་རྗེས་ལས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤེལ་ཐུབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ཏང་ཡོན་གྱི་ཉམས་འགྱུར་གསར་པ་མངོན་པར་བྱས་པ་རེད།

ཤན་རྩ་རྫོང་སྨད་པ་ཤང་དབྱར་ས་གྲོང་ཚོའི་དཀར་ཚེ་དང་སྐལ་བཟང་གིས། རང་འགུལ་ངང་སྲིད་འཛིན་གྲོང་ཚོ5ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ58ལ་སྒོར་ཁྲི24ལྷག་ཙམ་རི་བའི་ལུག300ཞལ་འདེབས་བརྒྱབ་པ་དང་དུད་ཚང་དབུལ་པོ་དགུན་སྒྲོལ་ཐུབ་པའི་དངོས་ཟོག་གྲ་སྒྲིག་བྱེད་རོགས་བྱས་ནས། འཕྲལ་སྡོམ་གྲབས་གསོག་དང་གནོད་འགོག་ནུས་པ་ཆེ་རུ་བཏང་བ་དང་། ཉི་མ་རྫོང་ཁུང་ལུང་གྲོང་ཚོའི་དཀར་ཚེས་རང་འགུལ་ངང་གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོར་སྒོར་ཁྲི་8ལྷག་ཙམ་རི་བའི་ལུག108ཞལ་འདེབས་བརྒྱབ་ནས་མང་ཚོགས་དབུལ་པོ་བདེ་བླག་ངང་དགུན་སྒྲོལ་ཐུབ་པ་བྱས་པ། སྙན་རོང་རྫོང་ཉི་མ་ཤང་གི་ཕྱུག་འགྱུར་སྣེ་ཁྲིད་པ་འཕྲིན་རྒྱལ་གྱིས་ངལ་ནུས་མངགས་གཏོང་ལས་སྒོ་རྒྱ་ཆེར་ཧུར་ཐག་བཏང་ནས། ཉི་མ་ཤང་དང་སངས་ལུང་ཤང་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་སྣ3བསྡུས་ནས་སྙན་རོང་རྫོང་གི་ཟ་མ་མངགས་སྐྱེལ་རུ་ཁག་དང་པོ་བཙུགས་པ་དེས། རྫོང་ཡོངས་ཀྱི་བཟའ་བཏུང་ཁེ་ལས22ཀྱི་ཟ་མ་མངགས་སྐྱེལ་ཞབས་ཞུའི་འགན་འཁུར་ཡོད་པ་རེད། གྲོང་ཁྱེར་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་། བློ་མཐུན་དེ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་སྒྲོག་འགྲེལ་ཚོགས་ཆུང་གི་ཚོགས་མིར་བདམས་པས། འབྲོག་པ་མང་ཚོགས་ལ་དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་སློབ་གསོ་ཁྲིད་སྟོན་བྱས་པ་རེད། སྒྲོག་འགྲེལ་བྱེད་རིང་། ཁྱོན་སློབ་གསོ་ཁྲིད་སྟོན་བྱེད་སྒོ་ཐེངས30ལྷག་ཙམ་སྤེལ་བ་དང་། མང་ཚོགས་དབུལ་པོ་སྒྲིག་འཛུགས་བྱས་ནས་རྩལ་ནུས་སྣ་ཚོགས་གསོ་སྦྱོང་ཐེངས400ལྷག་ཙམ་བྱས་ཏེ་མང་ཚོགས་དབུལ་པོའི་ངལ་རྩོལ་རྩལ་ནུས་ཆེ་རུ་བཏང་ནས། ཁོང་ཚོའི་རང་བརྟེན་ནུས་པ་ཆེ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།