འདི་ནི་སྒྲོག་འགྲེལ་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྒྱལ་སྨན་ཤང་ནས་ལས་བྱེད་པ་སྐོང་འཐེན་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་འཕྱོངས་རྒྱས་རྫོང་གི་ས་བབ་མཐོ་ཤོས་ཀྱི་རང་བྱུང་གྲོང་ཚོ་རྒྱལ་སྨན་ཤང་ཐག་རིང་ཚན་ཆུང་གསུམ་པར་སྐྱོད་དེ་ཞིང་འབྲོག་མང་ཚོགས་ཚོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། གནམ་གཤིས་གྲང་ངར་ཆེ་རུང་གྲོང་མི་ཚོའི་སློབ་སྦྱོང་བྱེད་པའི་སྤྲོ་སེམས་མ་ཉམས་པར་ནན་ཏན་ངང་ཉན།།
རྩོམ་སྒྲིག་པ། ཀླུ་མོ་མཚོ།
སྒོ་འགྲམ་དུ་སྒྲོག་འགྲེལ་བྱེད་པ།