གཞིས་རྩེའི་ཚན་རྩལ་གྱིས“ཞིང་གསུམ”ལ་ཞབས་འདེགས་ཧུར་ཐག་ཞུས་པས་དམངས་ཀྱི་དགའ་བསུ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་ཆེད་མངགས་པ། ཚན་རིག་ཁྱབ་གདལ་བ་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཚན་རྩལ་མི་སྣའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྒྲིག་སྲོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། རྩ་འཛུགས་ཀྱི་འགོ་ཁྲིད་དོན་ཐོག་ཏུ་འཁྱོལ་བ་དང་། ལས་ཀའི་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བ། ལྟ་སྐུལ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། དཔྱད་ཞིབ་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་པས། གཞི་རིམ་འཐབ་ཕྱོགས་དང་པོའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ངར་ཤུགས་ཆེན་པོ་འཕེལ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་གཞིས་རྩེ་གྲོང་ཁྱེར་གྱིས“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་120མངགས་ནས་ཞབས་འདེགས་ཞུ་ཡུན་2019ལོའི་ཟླ་10པའི་བར་ནར་འགྱངས་བྱས་པ་རེད། མིག་སྔར། ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་ལེགས་གྲུབ་ཟིན་པ་དང་། “ཤང་དང་གྲོང་ཚོས་འོས་སྦྱོར་དང་། རྫོང་ཆུས་ཀྱིས་དཔྱད་ཞིབ། གྲོང་ཁྱེར་དང་ཅུས་ཀྱིས་ཞིབ་བཤེར”བཅས་ཀྱི་དཔྱད་ཞིབ་བྱ་ཐབས་བརྒྱུད་ལོ་འཁོར་གྱི་དཔྱད་ཞིབ་ཀྱི་ཚད་གཞི་ལོན་ཚད་90%ཟིན་པ་དང་། མི་12ཚད་གཞི་ལོན་མེད། མི་བདེན་རྫུན་སྒྲིག་བྱས་ནས་ཁ་གསབ་མ་དངུལ་ལེན་པའི་བྱེད་སྤྱོད་གཏན་འགོག་བྱས་ཡོད། 2019ལོར། གཞིས་རྩེ་གྲོང་ཁྱེར་གྱི“ཁུལ་གསུམ”གྱི་ཤེས་ལྡན་མི་སྣའི་མི་གྲངས་142བར་མང་དུ་བཏང་ནས་ཞབས་ཞུའི་རུ་ཁག(པ་སྣམ་གྱི་ཤིང་ཏོག་དང་སྔོ་ཚལ་རུ་ཁག་ཁ་སྣོན་བྱས་པ)19བཙུགས་པས་ཤེས་ལྡན་མི་སྣའི་ཆེད་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་སྒྲིག་ཐུབ་པ་དང་། ཞབས་ཞུའི་ལས་འགན་གྱི་དམིགས་ཚད་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་དམ་ནན་གྱི་ལས་ཀའི་ཐོ་འགོད་དང་གྲ་སྒྲིག་ལམ་ལུགས་དང་། མཛུབ་ཁྲིད་གསོ་སྦྱོང་ལམ་སྲོལ། སྐུལ་འདེད་ཞིབ་བཤེར་ལམ་སྲོལ། ཚད་འབེབས་དཔྱད་ཞིབ་ལམ་སྲོལ་བཅས་དང་། དེ་བཞིན“ཁུལ་གསུམ་གྱི་ཚན་རྩལ་ཤེས་ལྡན་མི་སྣ་དང་། ཚན་རྩལ་ཆེད་མངགས་པ། འདེབས་འཛུགས་གསོ་ཚགས་དུད་ཆེན་བཅས་ཟུང་འབྲེལ”གྱི་ཞབས་ཞུའི་འཁོར་སྦྲེལ་གྲུབ་ནས། “ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་མི་སྣ་གཞི་རིམ་དུ་དངོས་འབྲེལ་ལུས་ཚུགས་པ་དང་སེམས་གནས་ཐུབ་པ་བྱས་ཏེ་ལག་རྩལ་མཛུབ་ཁྲིད་ཞབས་ཞུའི་ལས་དོན་སྤེལ་རྒྱུའི་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།