གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་གྱི་ཕུལ་བྱུང་ཁེ་ལས་ལ་གཟེངས་བསྟོད་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་ནས། གྲུབ་འབྲས་ལ་ཕྱོགས་སྡོམ་དང་ལས་དོན་བཀོད་སྒྲིག་བྱས་པ་དང་ཆབས་ཅིག སྒོར་ཁྲི1100བཏོན་ནས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་ཁེ་ལས17ལ་བྱ་དགའ་སྤྲད་པ་རེད། 

ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“6677”གྱི་སྤྱིའི་ལས་དོན་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང་། ཐོན་ལས་རིམ་སྤོར་དང་། གྲོང་ཁྱེར་འཕེལ་རྒྱས། གླིང་ཁུལ་འཛུགས་སྐྲུན།  དམངས་འཚོ་ལེགས་གཏོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྒོ་དབྱེའི་རྣམ་པ་དང་བསྟུན་མཁས་ཀྱི་བསམ་བློའི་ཐོག་ནས་ནུས་ཤུགས་ཡོད་རྒུས་ཚོང་འགུགས་དམ་འཛིན་དང་མི་སེམས་གཅིག་སྒྲིལ་གྱིས་མ་འཇོག་ལ་སྐུལ་འདེད་བཏང་བར་བརྟེན། ཚོང་འགུགས་མ་འདྲེན་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2018ལོར་ཚོང་འགུགས་མ་འདྲེན་རྣམ་གྲངས་233དོན་འཁྱོལ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར80.29དོན་ཐོག་ཏུ་འཁྱོལ་ཡོད། 2019ལོའི་ཟླ11པའི་བར། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་74.1དོན་ཐོག་ཏུ་འཁྱོལ་ཡོད། ཚོང་འགུགས་མ་འདྲེན་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་ཆེད་ད་ཐེངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གྱི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གཞིས་རྩེ་གྲོང་ཁྱེར་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཐོན་ལས་དང་། གླིང་ཁུལ། དམངས་འཚོ་བཅས་གསུམ་གྱི་ཐད་ནས་གཞོལ་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ལེགས་ཁེ་ལས་དེ་བས་མང་བ་གཞིས་རྩེར་གཞིས་ཆགས་པའི་བརྩོན་ལེན་བྱེད་དགོས་ཞེས་བཏོན་ཡོད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།