ལྷ་ས་གྲོང་ཁྱེར་གྱི་ཚོང་འགུག་དངུལ་འདྲེན་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་འགྲུབ་བྱུང་བ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས“ཕྱིར་སྐྱོད་པ་དང་ནང་འདྲེན་པའི”ལས་དོན་སྤེལ་ཤུགས་སྔར་ལས་ཆེ་རུ་བཏང་ནས། གནད་འཁེལ་འབུར་ཐོན་དང་། ཆེ་བསྡུ་དྲག་འདྲེན། ཞབས་ཞུ་ལེགས་གཏོང་། ལྟ་སྐུལ་སློབ་སྟོན་ཐད་ཤུགས་སྣོན་བརྒྱབ་པས་ཚོང་འགུག་དངུལ་འདྲེན་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་དམིགས་ཚད་ལས་འགན་ཚད་ལས་བརྒལ་ནས་ལེགས་གྲུབ་བྱུང་བ་རེད།

 ཟླ1ནས11བར་གྲོང་ཁྱེར་ཡོངས་ཀྱིས་ཚོང་འགུག་དངུལ་འདྲེན་ལས་གཞི242དོན་འཁྱོལ་བྱུང་སྟེ་ཁྱོན་མ་དངུལ་སྒོར་དུང་ཕྱུར381.65བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར224.65དམིགས་སར་འབྱོར་ལ། ལོ་དེའི་དམིགས་ཚད་ལས་འགན་སྒོར་དུང་ཕྱུར210ཡི107%ལེགས་གྲུབ་བྱུང་བ་དེས་བོད་ལྗོངས་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་གྱི་དམིགས་ཚད་ལས་འགན་གྱི(དངོས་སུ་དམིགས་སར་འབྱོར་བའི་མ་དངུལ་དུང་ཕྱུར300)74.9%ཟིན་ཡོད་པ་དང་།  དེའི་ནང་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར193.2ཟིན་པ་དེས་དམིགས་སར་འབྱོར་བའི་མ་དངུལ་གྱི86%ཟིན་པ་དང་། ས་གནས་དེ་གའི་ཞིང་འབྲོག་པ་ཁྲི1.3ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་པས་རྩོལ་ལས་ཡོང་འབབ་སྒོར་དུང་ཕྱུར1.5ལྷག་ཙམ་མངོན་འགྱུར་བྱུང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།