ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པར་ཤུགས་སྣོན་རྒྱག་པའི་བསམ་ཕྱོགས་གསར་པ་དང་། ཐབས་ཤེས་གསར་པ། བྱ་ཐབས་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་སློབ་སྦྱོང་དང་། གསར་གཏོད། སྣེ་ཁྲིད། ཞབས་འདེགས། འཐབ་ནུས་བཅས་མུ་མཐུད་གོང་མཐོར་བཏང་སྟེ། གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་བ་རེད།

ཆབ་སྲིད་ཀྱི་རྨང་གཞི་ཡག་པོ་བཏིང་བ།“བསམ་བློ་ཆབ་སྲིད་གོང་མཐོར་གཏོང་བའི་འདུ་འགོད”ལག་ལེན་ཤུགས་ཆེན་བསྟར་ནས། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་དང་རྒྱང་ཁྲིད་སློབ་གསོ་ས་ཚིགས་སོགས་སྟེགས་བུར་བྱས་ནས། ཞིང་འབྲོག་པའི་ཏང་ཡོན་སྒྲིག་འཛུགས་ཀྱིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས། ཞིང་འབྲོག་ཏང་ཡོན་གྱི་སློབ་གསོ་ཆ་འཕྲིན་ཅན་དང་གནད་སྨིན་ཅན་གྱི་ཆུ་ཚད་གོང་མཐོར་བཏང་ཡོད་པ་རེད། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་རང་བཤེར་རང་བཅོས་གཏིང་ཟབ་སྤེལ་ནས། ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་ཀའི་རྩིས་ཐོ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། མཉམ་འབྲེལ་གྱིས་བཟོ་བ་དང་འགེལ་རྟེན་གྱིས་བཟོ་བའི་ཐབས་ཤེས་སྤྱད་ནས“ཏང་རྩ་འཛུགས་+”བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། ཁེ་ལས་ཕྲན་ཚེགས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ལ་ཐ་སྐྱོང་གི་དོ་དམ་བྱས་ནས། དགོན་སྡེ་དོ་དམ་ཨུ་ལྷན་དང་གཉིས་ལྡན་དུད་སྦྲེལ་གྱི་ཉམས་ཞན་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ལ་ཏང་གི་སྒྲིག་འཛུགས་དང་ལས་དོན་ནུས་ལྡན་ངང་ཁྱབ་པར་བྱས་ཡོད་པ་རེད།

ཆབ་སྲིད་ཀྱི་བྱེད་ནུས་ཆེ་རུ་བཏང་བ།“གྲོས་མོལ་བཞི་དང་ཡོང་བསྒྲགས་གཉིས”ཀྱི་ལས་ཀའི་བྱེད་ཐབས་གཏིང་ཟབ་ངང་ལག་བསྟར་བྱེད་པ་དང་བསྟུན་ནས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས“བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ+”ཀྱི་བྱེད་སྒོའི་ནང་དོན་གསར་གཏོད་ལ་ཁྲིད་སྟོན་དང་། “བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ+”བྱེད་སྒོའི་ཐབས་ལམ་རྒྱ་སྐྱེད་བྱས་ནས་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་དམ་ཟབ་ཡོང་བ་བྱས་པ་རེད། “དམངས་ཕན་ཞབས་ཞུའི་ཚོམས་ཆེན”དང“དམངས་འཚོ་ཚབ་གཉེར་ས་ཚིགས”ལ་བརྟེན་ནས་ཏང་ཡོན་གྱི་གདོང་ལེན་ལས་གནས་འཛུགས་པ་དང་། “སྒོ་བྱང་བཀལ་ནས་ལས་གནས་གསལ་བའི”བྱེད་སྒོ་སྤེལ་ནས། གདོང་ལེན་ཏང་ཡོན་གྱི་ལས་རེས་ལམ་ལུགས་ལག་ལེན་བསྟར་ནས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་རང་འགུལ་ངང་ལས་གནས་རྩིས་ལེན་དང་མི་ཚང་མར་ལས་གནས་ཡོད་པ་མངོན་གྱུར་བྱས་ཡོད་པ་རེད།

གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ནག་སེལ་གཤེད་བཅོམ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ལ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཇུས་གཞི་200ལྷག་ཙམ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བར་ཁྲིད་སྟོན་བྱས་པ་དང་། ཕྱོཌ་ཡོངས་ནས་གྲོང་ཚོ(གྲོང་ལྷན)གྱི་ལས་བྱེད་པའི་རུལ་སུངས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་གྲལ་བཤེར་བྱས་ནས། ནག་གཤེད་དང་རུལ་སུངས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ནག་གཤེད་སྟོབས་ཤུགས་ཀྱི“སྲུང་གདུགས”ཐེར་འདོན་ཤུགས་ཆེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།