ཚན་རྩལ་གསར་གཏོད་ལ་བརྟེན་ནས་འབྲོག་ལས་ཀྱི་སྤུས་ཚད་ལེགས་གཏོང་དང་ནུས་པ་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། གསར་འགོད་པས་བོད་ལྗོངས་འབྲོག་ལས་ཕྱུགས་ནད་རིག་པ་ལྷན་ཚོགས་ཀྱིས་འཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དགུ་པའི་སྐབས་བརྗེ་དང2019ལོའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། འདས་ཟིན་པའི་ལོ5ཡི་རིང་། བོད་ལྗོངས་འབྲོག་ལས་ཕྱུགས་ནད་རིག་པ་ལྷན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་དགུ་པས་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་དང་། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས། ཚན་རྩལ་གསར་གཏོད་ནུས་པ་ཆེར་གཏོང་སོགས་བྱས་པ་དང་། བྱེད་ཐབས་མང་པོར་བརྟེན་ནས་བོད་ལྗོངས་འབྲོག་ལས་ཕྱུགས་ནད་རིག་པའི་ཚན་རྩལ་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ་རེད།

བོད་ལྗོངས་འབྲོག་ལས་ཕྱུགས་ནད་རིག་པ་ལྷན་ཚོགས་ཀྱི་ཚོགས་ཁོངས་ཚན་པ་ཁག་གིས་འབྲོག་ལས་ཀྱི་ཐོན་ལས་ལ་འཕྲད་པའི་འགག་རྩའི་ལག་རྩལ་གྱི་དཀའ་གནད་ལ་དམ་པོར་གཞིགས་ནས་འབྲོག་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། རྣམ་པ་གསར་པ་བཅས་གཞན་སྒྱུར་དང་དཔེ་སྟོན་བཀོལ་སྤྱོད་བྱེད་ཚད་མགྱོཌ་སུ་བཏང་ནས། རང་ལྗོངས་ཀྱི“ཤ་དང་འོ་མ་ཏུན་ཁྲི་བརྒྱའི”དམིགས་ཚད་མངོན་འགྱུར་བྱ་ཆེད་ཚན་རྩལ་གྱི་འདེཌ་སྐྱོར་ནུས་ལྡན་བྱས་ཤིང་། དེའི་ནང་ས་བབ་མཐོ་བའི་འབྲོག་ཁུལ་གྱི་མཛོ་མོ་རེར“ལོ་རེར་བེའུ་རེ་བཙའ”ཚད་68.6%ཟིན་ནས། སྔ་རྗེས་སུ་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་གཉིས་པ་3དང་བྱ་དགའ་ཨང་གསུམ་པ་3ཐོབ་པ་རེད།

བོདལྗོངས་འབྲོག་ལས་ཕྱུགས་ནད་རིག་པ་ལྷན་ཚོགས་ཀྱིས་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། འབྲོག་ལས་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་ཚད་མཐོའི་མཐོང་ཆེན་གྱིས་འབྲོག་ལས་ཀྱི་སྤུས་ཚད་ལེགས་གཏོང་དང་ནུས་པ་ཆེར་གཏོང་ལ་སྐུལ་འདེད་བཏང་བ་རེད།

ལོ་5ཡི་རིང་། ལྷན་ཚོགས་ཀྱིས་འབྲེལ་ཡོད་ཀྱི་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་བསྐྱོད་ནས་འབྲེལ་ཡོད་ཀྱི་རིག་གཞུང་སྤེལ་རེས་མི་ཐེངས་1500ལྷག་ཙམ་བྱས་པ་དང་། “ས་མཐོའི་རྩྭ་ས་དང་འབྲོག་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཀྲུང་ཨོ་ཚན་རྩལ་མཉམ་ལས་རྣམ་གྲངས་ཀྱི་བགྲོ་གླེང་ཚོགས་འདུ”སོགས་ཀྱང་སྔ་རྗེས་སུ་གཙོ་གཉེར་བྱས་ཤིང་། རིམ་རྩིས་བྱས་ན་ཚན་རྩལ་གྱི་ཆེད་མངགས་པ་དང་། གཞི་རིམ་ཆེད་ལས་ཀྱི་ལག་རྩལ་མི་སྣ། གཞི་རིམ་གྱི་ལས་བྱེད་པ། ཞིང་འབྲོག་པ་བཅས་མི་ཐེངས་ཁྲི་20ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།