ཀྲུང་གུང་བོད་རང་སྐྱོང་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ལས་རིགས་ཨུ་ཡོན་ལྷན་ཁང་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉིན་ཤས་གོང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ལས་རིགས་ཨུ་ཡོན་ལྷན་ཁང་འཛུགས་པའི་ཚོགས་ཆེན་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་སུ་འཚོགས་པ་དང་། ཚོགས་འདུའི་ཐོག་སྐབས་དང་པོའི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ལས་རིགས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་བདམས་ཐོན་བྱུང་བ་རེད།

མིག་སྔར། ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་གྱི་ཁྲོམ་རའི་བྱེད་པོ་ཁྲི31ལྷག་ཙམ་ཡོད་པ་དེས་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི96.8%བཟུང་ཡོད་པ་དང་། ལྗོངས་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ཁྲོམ་རར་ལས་ཞུགས་མི་སྣ་ཁྲི99ལྷག་ཙམ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།