འཐག་ལས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བཏོད།

44b25f0e-d657-4dfe-9b1f-b6a0186938a1.jpg.1.jpg

འདི་ནི་འཁེལ་ཐག་བཟོ་གྲྭའི་ལས་མིས་སྟོད་ལྷེ་འཐག་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་གྲོང་མི་ཆོས་སྒྲོན་གྱིས་པ་སྣམ་རྫོང་བྱ་འབྲུག་འཁེལ་འཐག་བཟོ་གྲྭ་བཙུགས་ནས་ཁ་གདན་དང་། འགེལ་གདན། སྣམ་བུ། ཁ་དཀྲིས། སྟོད་ལྷེ་སོགས་བོད་མི་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་དང་། འཚོ་བའི་མཁོ་ཆས། ཡུལ་སྐོར་དྲན་རྟེན་དངོས་པོ་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བྱས་པ་མ་ཟད། ད་དུང་“ཁེ་ལས+མཉམ་ལས་ཁང+དུད་ཚང་དབུལ་པོ”བཅས་གཞི་གཅིག་ཅན་གྱི་བདག་གཉེར་རྣམ་པ་ཞིག་ཆགས་ཡོད་པ་དང་། མི་རིགས་ཀྱི་རིག་གནས་ནང་དོན་སྔོག་འདོན་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག ས་གནས་ཀྱི་མང་ཚོགས་དབུལ་པོ་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ནུས་ལྡན་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།