ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུའི་གློག་རླངས་ཅན་གྱི་ལྕགས་ལམ་ཨར་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་།

d140ce3700294fa99b529c0416af8bcaBiP1_m.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས15ཉིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་ཡར་ཀླུང་གཙང་པོའི་ཟམ་ཆེན་གཉིས་པའི་སྟེང་གནས་པའི་ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུའུ་ཚོགས་པ་ཞི་ཨན་གློག་རླངས་ཀུང་སིའི་ཨར་སྐྲུན་མི་སྣས་གློག་རླངས་ཅན་གྱི་གློག་ཤིང་དང་ལྕགས་སྒྲོམ་འཛུགས་བཞིན་ཡོད།

bbfc22616d7f4d49af8d24d99cbb5b46YFvh_m.jpg

བོད་ལྗོངས་ལྷ་ཉིང་ལྕགས་ལམ་ནི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་ཡིན་པ་དང་། མ་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ435.48ཡོད་པ་དང་འཆར་འགོད་བྱས་པའི་ཆུ་ཚོད་རེའི་འགྲོས་ཚད་སྤྱི་ལེ160ཟིན་ཞིང་། དེ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་རེད། ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུའུ་ཚོགས་པས་ལམ་ཐིག་ཧྲིལ་པོའི་གློག་རླངས་ཅན་གྱི་ཨར་སྐྲུན་ལས་འགན་འཁུར་བ་དང་། མིག་སྔར་ལམ་ཐིག་ཧྲིལ་པོའི་གློག་རླངས་ཅན་གྱི་ཨར་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། གློག་རླངས་ཅན་གྱི་གློག་ཤིང་དང་ལྕགས་སྒྲོམ75%ཡན་ལེགས་གྲུབ་ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།