ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ཕྱོགས་དྲ་ཚུགས་ཐོག 《2020ལོའི་ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དམངས་འཚོའི་བྱ་བ་དངོས་ཀྱི་འདུ་འགོད་རྣམ་གྲངས་ཀྱི་བསམ་འཆར་བསྡུ་ལེན》གྱི་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་ལིའུ་ཉིང་གིས་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།
2020ལོའི་ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་ཀྱི་འདུ་འགོད་ཇུས་འགོད་ཡག་པོ་བྱས་ཏེ། དམངས་སེམས་དང་དེ་བས་མཐུན་པ་དང་དམངས་ཀྱི་འདོད་འདུན་དེ་བས་མངོན་པར་བྱས་ནས་ཀུན་ཕན་རང་བཞིན་དང་། སྤྱི་ཕན་རང་བཞིན། དགོས་གཏུགས་རང་བཞིན་བཅས་གང་ལེགས་མངོན་པར་བྱ་ཆེད། ལོ་མཇུག་མཚམས་སུ། མཚོ་སྔོན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོའི་ས་ནས་ཞིང་ཆེན་སྲིད་གཞུང་གིས་ཕྱི་ལོ་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ལས་ཀའི་གྲོས་འགོ་དང་བསམ་འཆར་ཡོངས་བསྒྲཌ་ངང་བསྡུ་ལེན་བྱས་པ་རེད། 2019ལོའི་ཟླ་12ཚེས་6ནས་ཟླ་12ཚེས་20ཉིན་བར། བྱ་བ་དངོས་ཀྱི་རྣམ་གྲངས་དང་། བསམ་འཆར་དང་གྲོས་འགོ་འདོན་འདོད་ཡོད་པའི་རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲ་ཚུགས(དྲ་ཚུགས། http://www.qh.gov.cn)དང་མཚོ་སྔོན་གྱི་སྲིད་དོན་སྐད་འཕྲིན་དང་དཔོད་ཕྲན་བརྒྱུད། གྲོས་འགོ་བསམ་འཆར་དང་དོ་ཁུར་ཆེ་ཤོས་དང་རེ་བ་ཆེ་ཤོས་བྱེད་པའི་དམངས་འཚོའི་བྱ་བ་དངོས་ཀྱི་བསམ་འཆར་འདོན་ཆོག མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དམངས་འཚོའི་བྱ་བ་དངོས་དེ་དག་འདེམས་སྒྲུག་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཅུག་ནས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱ་རྒྱུའི་རེ་ཞུ་བྱས་རྗེས། སྒྲིག་འཛུཌ་ལག་བསྟར་ཞིབ་ཚགས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དྲང་གཞག་གི་སྒོ་ནས་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་སུ2020ལོའི་ལོ་འཁོར་གྱི་དམངས་འཚོའི་བྱ་བ་དངོས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ།