བོད་ལྗོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་རིང་། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་དང་དོན་འཁྱོལ་ཏན་ཏིག་ཐུབ་པར་སྐུལ་འདེད་བཏང་བ་རེད།

ཚེས་10ཉིན་གྱི་སྔ་དྲོ། ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། ཚོགས་ཞུགས་ལས་བྱེད་པ་དང་ལས་བཟོ་ཚོས་སླད་ཕྱིན་གྱི་ལས་ཀའི་ནང་རང་ཉིད་ལ་རེ་བ་ནན་པོ་འདོན་པ་དང་། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། སྦྱོང་བསམ་སྤྱོད་གསུམ་ཐུབ་པ། བསམ་སྤྱོད་གཅིག་མཐུན་ཡོང་བ་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཚེས་11ཉིན་གྱི་ཕྱི་དྲོ། ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད། ཚང་མས་སླད་ཕྱིན་གྱི་ལས་ཀའི་ནང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཁྲོམ་ར་ལྟ་འདོམས་ལས་དོན་གྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུས་ཁྲོམ་རའི་ལྟ་འདོམས་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ཁོང་དུ་ཏན་ཏིག་ཆུད་པ་བྱེད་པ་དང་། ཚན་རིག་དང་མཐུན་ལ་ནུས་ཆེའི་ཁྲོམ་ར་ལྟ་འདོམས་མ་ལག་སེམས་ཤུགས་གཅིག་སྒྲིལ་གྱིས་བསྐྲུན་ནས་ཁྲོམ་ར་ལྟ་འདོམས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉེ་ཆར། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། སྙན་ཞུའི་ཚོགས་འདུའི་ཐོག ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་ལོ་རྒྱུས་དང་བོད་ཀྱི་དཔལ་འབྱོར་དང་། དམངས་འཚོ། སྤྱི་ཚོགས་བཅས་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བོད་ལ་ལེགས་གྲུབ་ལྡན་པའི་ངང་ལག་ལེན་བསྟར་ལུགས་རྒྱས་བཤད་བྱས་པ་རེད། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་བོད་ཀྱི་བཟོ་ཚོགས་ལས་དོན་གྱི་གཙོ་གནད་དང་། དཀའ་གནད། གླེང་མང་བ་བཅས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ལས་ཀའི་གཙོ་གནད་ཁ་གསལ་བཟོ་བ། ལས་ཀའི་འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ། དངོས་སྒྲུབ་ཀྱི་ལས་ཀའི་བྱ་ཐབས་འདོན་པ་བཅས་བྱས་ནས་བཟོ་ཚོགས་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་དུས་ཐེངས་དང་པོ་གཉེར་བ་རེད། ད་ཐེངས་ཀྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་སློབ་ཁང་དུ་ཆེད་མངགས་ཟུར་ཁྲིད་དང་། ཚོགས་ཆུང་གྲོས་བསྡུར། སློབ་མཇུག་འགྲིལ་བའི་ཚོད་རྒྱུགས། ཚོགས་ཆེན་ཐོག་སྤེལ་རེས་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། སློབ་མ་ཚོའི་སློབ་སྦྱོང་གི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་གྲོས་བསྡུར་གཏིང་ཟབ་དང་དམ་པ་དོན་གཉེར་བྱེད་པའི་སློབ་སྲོལ་ཧུར་ཐག་ཆགས་པ་བྱས་པ་རེད།

ཉེ་ཆར། རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྟོད་ལུང་བདེ་ཆེན་ཆུས་བཅས་ཀྱི་རིམ་གསུམ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་འཁྲིད་དགེ་རྒན་ཡབ་མདའ་ཤང་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་གདན་དྲངས་ནས་དེ་གའི་བུད་མེད་མང་ཚོགས་ལ《སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་སྒྲོག་འགྲེལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།