ལྷོ་ཁ་གྲོང་ཁྱེར་གྱིས“གཅིག་སྡུད་གཉིས”ཀྱི་རྣམ་གྲངས14བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“གཅིག་སྡུད་གཉིས”ཀྱི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལ་ནན་པོར་གཞིགས་ཏེ། འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.6ལྷག་ཙམ་བཏང་ནས“གཅིག་སྡུད་གཉིས”ཀྱི་རྣམ་གྲངས་14བསྐྲུན་ཏེ་སྤྱོད་འགོ་ཚུགས་པ་དང་། རྒན་རྒོན་1517གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་452གཅིག་སྡུད་གསོ་ཉར་བྱས་པས། “གཅིག་སྡུད་གཉིས”ཀྱི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་པ་དང་འབྲེལ་སྤྱི་ཚོགས་ཐོག་གི་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སེམས་ཁུར་དང་རོགས་སྐྱོར་ཐུབ་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་ཕན་བདེ་ཁང(རྒན་རྒོན་གཡོག་བྱེད་ལྟེ་གནས་དང་བྱིས་པའི་ཕན་བདེ་ཁང)བཙུགས་ཏེ་སྒྲིག་ཁོངས་ཞིབ་དཔྱད་གཏན་འཁེལ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། འབྲེལ་ཡོད་བྱེད་སྒོ་སྤེལ་ཡུལ་བསྐྲུན་པ་བཅས་བྱས་པ་དང་། ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ཏེ“གཅིག་སྡུད་གཉིས”ཀྱི་དོ་དམ་སྒྲིག་གཞི་འཁོར་རྒྱུག་གི་འགྲོ་གྲོན་དུ་བརྩིས་པ་དང་དུས་མཚུངས། “དམངས་སེམས་འདུ་འགོད་ཆེན་པོ་བཅུ”འཛུགས་སྐྲུན་བྱ་རྒྱུ་དེ་ཤུགས་རྒྱག་སར་བརྩིས་ཏེ། སྔར་ཡོད་རྨང་གཞིའི་ཐོག འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་གྱི་ཚད་གཞི་དང་དྭ་ཕྲུག་གི་འཚོ་བའི་ཁ་གསབ་རོགས་སྐྱོར་ཚད་གཞི་མཐོ་རུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་རྒས་དུས་འཚོ་རྟེན་ཡོད་པ་དང་ཆུང་དུས་གསོ་མཁན་ཡོད་པའི་འགན་ལེན་ཐུབ་ཡོད།

ལྷོ་ཁ་གྲོང་ཁྱེར་དམངས་སྲིད་སྡེ་ཚན་གྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས། ཚན་པ་ནས་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་ཁྱེར་རྒན་རྒོན་གཡོག་བྱེད་ལྟེ་གནས་དང་། བྱིས་པའི་ཕན་བདེ་ཁང་། རྫོང་དང་ཆུས་ཁག་གི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་བཅས་ལ་དོ་དམ་དང་ཞབས་ཞུའི་མི་སྣ་བཀོད་སྒྲིག་བྱས་པ་དང་དུས་མཚུངས། སློབ་གསོ་དང་འཕྲོད་བསྟེན་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་རིམ་ཁག་“གཅིག་སྡུད་གཉིས”དོ་དམ་སྒྲིག་གཞིར་སྨན་པ་དང་། ནད་སྐྱོང་། ཟུར་ཁྲིད་དགེ་རྒན། འཚོ་བའི་དགེ་རྒན་བཅས་བཀོད་སྒྲིག་བྱས་པ་དང་འབྲེལ། ཁ་གཏད་བོད་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལེགས་ཆར་བརྟེན་ནས“བརྒྱུད་རོགས་ཁྲིད་གསུམ”གྱི་བྱ་ཐབས་བརྒྱུད། དོ་དམ་པ་དང་ཞབས་ཞུ་བ་ཡོངས་ལ་ལས་གནས་ཐོག་མ་བསྐྱོད་གོང་གི་གསོ་སྦྱོང་བྱས་པས“གཅིག་སྡུད་གཉིས”ཀྱི་ལས་དོན་མི་སྣའི་ལས་རིགས་རྩལ་ནུས་ཆེ་རུ་ཕྱིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།