གཞིས་རྩེ་གྲོང་ཁྱེར་གྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི “མཐའ་མའི་འགག་གནད”སེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དངོས་སྒྲུབ་ཕྱོཌ་སྟོན་དུ་འཛིན་པ། དམངས་འཚོ་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། བརྟག་ཞིབ་བྱ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བའི་ནང་དོན་གལ་ཆེན་ལ་བརྩིས་ནས་གཞི་རིམ་དང་མང་ཚོགས་ཁྲོད་སྐྱོད་པ་དང་། གནད་དོན་དངོས་ཡང་དག་འཚོལ་བ། མི་སེར་གྱི་དགོས་མཁོ་ཤེས་རྟོགས་བྱེད་པ། ཐག་གཅོད་བྱེད་ཐབས་འདོན་པ་བཅས་བྱས་ཏེ་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བཞིན་ཡོད་པ་རེད།

རྩེ་རིམ་ཇུས་འགོད་ལ་སྣང་ཆེན་བྱས་ཏེ་ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱིས་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་རྒྱུར་གཞི་ཚུཌ་ཏེ། 《གཞིས་རྩེའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ལས་ཀའི་འཆར་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྙན་ཞུ་མི་ཉན་པ་དང་། འགྲེམས་པང་ལ་མི་ལྟ་བ། བརྟག་ཞིབ་ཀྱི་ལམ་རིས་མི་བཟོ་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ“འགག་སྒྲོལ་ཆེན་པོ་གསུམ”ལ་རྒྱལ་ཁ་ལེན་པ་དང་། དམངས་འཚོ་འགན་ལེན་དང་ལེགས་བཅོས། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་། གཞི་རིམ་ཏང་འཛུཌ་སྐྱོང་གི“བྱ་བ་དངོས་ཁག་བཅུ་གཉིས”སོགས་ཀྱི་ལས་དོན་གཙོ་བོར་དམ་འཛིན་བྱས་པ་རེད།

འཐབ་ས་དང་པོའི་དོན་དངོས་དང་ཟུང་འབྲེལ་གྱིས་གནད་དོན་ལ་དམིཌ་ནས་གཞི་རིམ་དུ་བསྐྱོད་ཅིང་། གཞིས་རྩེ་གྲོང་ཨུད་ཀྱིས་དུས་འགོའི་བརྟག་ཞིབ་དང་དབྱེ་ཞིབ་ཀྱི་རྨང་གཞིའི་ཐོག་ལས་འགན་ཁག་བགོས་ཀྱི་རྫོང་ཆུས་དང་། སྡེ་ཚན། ལས་རིཌ་བཅས་ཁྱབ་ཁོངས་སུ་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་མང་ཚོགས་ཀྱིས་གླེང་མང་བའི་དཀའ་གནད་ཐག་གཅོད་བྱས་པ་དང་། ཏང་འཛུཌ་སྐྱོང་ལ་འཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དང་ལྷག་དོན་དུ་གཞི་རིམ་ཏང་འཛུཌ་སྐྱོང་གི“བྱ་བ་དངོས་ཁག་བཅུ་གཉིས”སོགས་ལ་གནས་པའི་གནད་དོན་ཐག་གཅོད་བྱས་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་དཔུང་ཁག་འཛུཌ་སྐྱོང་དང་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུཌ་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་བརྟག་ཞིབ་ཀྱི་རྩ་གནད་བཟོས་པ་དང་བརྟག་ཞིབ་ཀྱི་གཙོ་གནད་ཁ་གསལ་བཟོས་ཡོད།

མང་ཚོགས་ཀྱི་རེ་སྒུག་ལ་དམིགས་ནས་བརྟག་དཔྱད་ཞིབ་ཚགས་བྱས་ཏེ་དཀའ་གནད་སེལ་ཞིང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། རེ་སྒུག་ཆེ་ཤོས་བྱེད་པ། ཁ་ཚ་དགོས་གཏུགས་བཅས་ཀྱི་དོན་དངོས་གནད་དོན་ཁ་ཕྱོགས་དང་དམིགས་ཚད་དུ་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་མིག་སྔའི་དབུལ་སྒྲོལ་འགག་སྒྲོལ་དང་། སློབ་གྲྭ་ཆེ་མོ་བའི་ལས་ཞུགས། ཐོན་ལས་འཕེལ་རྒྱས། སློབ་གསོ་སྨན་བཅོས་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་རེད། དམངས་འཚོའི་ཐད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཡོན་ལས་བྱེད་པས་བཅར་འདྲི་དང་བརྟག་ཞིབ་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི“321”ཁ་གཏད་རོཌ་སྐྱོར་བྱེད་སྒོ་སྤེལ་ནས་སློབ་ཐོན་སློབ་མར་ཡང་དག་པའི་ལས་ཞུཌ་ལྟ་བ་དང་། ལས་འདེམས་ལྟ་བ། ཤེས་ལྡན་མི་སྣར་འགྱུར་བའི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཡོད།

སྤེལ་རེས་ཀྱི་ཕན་འབྲས་ཡག་པོ་སྤྱད་དེ་ཇུས་གཞི་ཡག་པོ་འཚོལ་ཞིབ་བྱས་ནས་ཕན་འབྲས་ཐོན་པར་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་གནད་དོན་བཙལ་འཚོལ་དང་ཞིབ་བསྡུར་ཡག་པོ་བྱེད་པའི་རྨང་གཞིའི་ཐོག དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ་དང་མང་ཚོཌ་ཀྱི་འགག་གནད་དང་དཀའ་གནད་སོཌ་ཀྱི་གནད་དོན་ལ་དམིཌ་ཏེ། ཆེད་དོན་བརྟག་ཞིབ་ཀྱི་སྙན་ཞུ་དང་གནད་དོན་ཤེས་རྟོཌ་ཀྱི་གསལ་ཐོ་བཟོས་ནས་དམངས་ལ་ཞབས་འདེཌ་ཞུ་བ་དང་དཀའ་གནད་སེལ་བའི་ལས་ཀའི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་ཆབས་ཅིག གསོ་སྦྱོང་གཉེར་བའི་བྱེད་ཐབས་ཐོག་ནས་རྫོང་དང་ཆུས་སུ་གཞི་རིམ་གྱི་ཏང་འཛུཌ་སྐྱོང་གི“བྱ་བ་དངོས་ཁག་བཅུ་གཉིས”ཀྱི་གསོ་སྦྱོང་འཛིན་གྲྭ་དང་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བར་ཞུགས་མཁན་ཏང་དོན་ལས་དོན་པ་800ལྷག་ཙམ་ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།