འགན་འཁྲི་ཕྲག་ཏུ་འཁུར། ཕུགས་འདུན་དོན་དུ་གཉེར།

—— ལྷོ་ཁ་གྲོང་ཁྱེར་གྱི་ལས་གཏོད་མཁན་གྱི་གྲུབ་འབྲས་སྐོར་བཀོད་པ།

21c27c25-93fc-41d2-92e1-34174678fb6c.jpg.1.jpg

འདི་ནི་ངག་དབང་བསྟན་འཛིན(གཡས་ཀྱི་གཉིས་པ)དང“ཕུགས་འདུན་ཚོགས་པའི”ཁོངས་མིས་གསོ་སྦྱོང་སློབ་གྲྭར་གཉེར་སྐྱོང་དོ་དམ་ལས་དོན་ལ་གྲོས་བསྡུར་བྱེད་བཞིན་པ།

7d6abdef-1c54-49c0-8a50-b2882b10e64f.jpg.1.jpg

འདི་ནི་པ་སངས་སྒྲོལ་མས་ཟ་ཁང་མགྲོན་པོར་ཐུག་པ་སྐྱེལ་བཞིན་པ།

འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་གཏོད་བཅས་ཀྱི་ཁྲོད། གསར་གཏོད་ལས་གཏོད་ཀྱི་ལམ་བུ་ཤིན་ཏུ་ཡངས། ད་ཕན་ལོ་ཤས་རིང་། སྲིད་ཇུས་བཟང་པོ་ཁག་རྒྱུན་ཆད་མེད་པར་བཏོན་པ་དང་དོན་འཁྱོལ་བྱས་པ་བརྒྱུད། “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི”ཚ་རླབས་རིམ་གྱིས་འཕྱུར་བ་དང་། ཕུགས་བསམ་གྱིས་ཕྱུགས་པའི་མི་སྣ་མང་པོ་ཞིག་ལས་གཏོད་ལམ་ལ་ཞུགས་ནས་ལས་གཏོད་ལམ་བུའི་ཐོག་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་མཆིས།

པ་སངས། དཔའ་མི་ཞུམ་པར་གསར་གཏོད་ལས་ལ་བརྩོན།

སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ཁྲོམ་གཞུང་གི་བྱ་ས་སྡེ་ཁུལ་དུ། པ་སངས་ཀྱི་གཏམ་རྒྱུད་མི་ཤེས་མཁན་གཅིག་ཀྱང་མེད། ལོ་བཅུ་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྔོན་མ་དབུལ་པོའི་དུད་ཚང་ཞིག་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཏེ། ཡུད་ཙམ་ཞིག་ལ་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ་དང་ལས་གཏོད་བྱས་པ་ལས་ཁོང་གི་མི་ཚེར་འགྱུར་ལྡོག་ཆེན་པོ་བྱུང་བ་རེད།

དབུལ་པོའི་འཚོ་བ་ལས་སྒྲོལ་ཆེད། 2003ལོར་ཁོང་གིས་སྤུན་མཆེད་དང་གྲོགས་པོའི་ས་ནས་སྒོར་ཁྲི་2གཡར་ནས། མོར་འབྲིང་ཞིག་ཉོས་ཏེ་བཟའ་ཟླ་དང་མཉམ་དུ་སྐྱེལ་འདྲེན་ལས་ལ་ཞུགས།

ལོ་གཉིས་སོང་རྗེས། ཁོང་ལ་ཡོང་འབབ་རག་ནས། སྟོང་སང་སང་གི་སྡོད་ཁང་ལ་མཛེས་བཟོ་བྱས། སྡོད་ཁང་ལ་མཛེས་བཟོ་བྱེད་འགོ་ཚུགས་པ་ནས་བཟུང་། ཁོང་གི་ཕྱུག་པོར་འགྱུར་བའི་ཡིད་ཆེས་དེ་བས་རབ་ཏུ་འཕེལ།

2007ལོར། སྣེ་གདོང་རྫོང་དམངས་ཕན་ཞིང་ཕན་ཨར་ལས་རུ་ཁག་དང་། 2013ལོར་སྣེ་གདོང་རྫོང་སྐར་འོད་དབུལ་སྐྱོར་འདེབས་འཛུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་། 2014ལོར་བྱ་ས་ཞི་བདེ་སོ་ཕག་བཟོ་གྲྭ 2017ལོར་སྣེ་གདོང་ཆུས་ཞི་བདེ་དབུལ་སྐྱོར་ནགས་བཟོ་མཉམ་ལས་ཁང་། 2018ལོར་ལྷོ་ཁ་གྲོང་ཁྱེར་གཡའ་མདའ་ལས་གཉེར་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་བཙུགས་ཡོད་པ་རེད།

རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་པ་དང་། བསམ་ཕོད་པ་དང་སྒྲུབ་ཕོད་པའི་ངར་ཤུགས་ཁྲོད། པ་སངས་ཀྱི་བྱ་གཞག་སྟོབས་ཆེར་ཕྱིན་ལ། ཕྲག་ཐོག་གི་འགན་འཁྲི་ཡང་ལྕི་རུ་སོང་།

“ངས་རང་ཉིད་ཁོ་ན་ཕྱུག་པོ་ཆགས་པ་ཙམ་མ་ཡིན་པར། ཁྱིམ་མཚེས་ཚང་མ་ཕྱུག་པོ་ཆགས་ཐུབ་ན་བསམ་གྱི་འདུག”ཅེས་བརྗོད་བཞིན། ཏང་ཡོན་ཁེ་ལས་མཁས་ཅན་དང་བྱ་ས་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་ཡིན་པའི་པ་སངས་ཀྱིས་ཚང་མའི་སྣེ་ཁྲིད་དེ་ཕྱུག་པོའི་ལམ་དུ་སྐྱོད།

ངག་དབང་བསྟན་འཛིན། དཀའ་ལས་བརྒྱབ་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་།

སྔོན་མ་ཕིང་གཅིག་ཀྱང་མེད་པ་ནས། ད་ཆ་སྒོར་ཁྲི་བརྒྱ་ཕྲག་ཡོད་པའི་བར་དང། སྔོན་མ་རང་ཉིད་གཅིག་པུ་ནས་ད་ཆ་ལས་མི་100ལྷག་ཙམ་ཡོད་པའི་བར་སོགས། སྣ་དཀར་རྩེ་ཤར་བ་གྲོང་ཚོའི“ལོ་རབས་དགུ་བཅུ་ནང་སྐྱེས་པའི”སློབ་ཆེན་སློབ་མ་ངག་དབང་བསྟན་འཛིན་གྱིས་ཕུགས་འདུན་དོན་གཉེར་བྱེད་པའི་འབད་འཐབ་ཀྱི་ལོ་ཟླའི་གཏམ་རྒྱུད་བརྗོད་ཡོད།

2012ལོར་ངག་དབང་བསྟན་འཛིན་ཁུན་མིང་སྒྱུ་རྩལ་ལས་རིཌ་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་། 2015ལོར་སློབ་གྲྭ་ཐོན་རྗེས། ལྷ་སར་ལོག་སྟེ། ལམ་བཟང་སློབ་གསོ་གསོ་སྦྱོང་ལྟེ་གནས་སུ་སློབ་མ་བསྡུ་མཁན་ཞིག་བྱས། ལས་རྗེས་མངོན་གསལ་དོད་པར་བརྟེན། དུས་ཡུན་རིང་པོ་མ་འགོར་བར་གཉེར་ཚོང་གཙོ་གཉེར་དོ་དམ་པར་ལས་གནས་སྤར།

“གཞན་གྱི་ལས་མི་བྱེད་པ་ལས། རང་ཉིད་སོ་སོས་བྱ་གཞག་བསྒྲུབས་ན་དགའ” 2016ལོར་ལས་གཏོད་ཀྱི་ཕུགས་བསམ་ལྡན་པའི་ངག་དབང་བསྟན་འཛིན་གྱིས། རང་ཉིད་ཀྱི་བློ་དང་མཐུན་པའི་རོགས་པ་ཚོ་དང་མཉམ་དུ་མ་གྲོས་གཅིག་མཐུན་ངང“ཕུགས་འདུན་ཚོགས་པ”གཅིག་བཙུགས་ནས། ལྷ་སའི་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་ཆེན་པོ་ལྔ་ལ་སློབ་མ་བསྡུ་རོགས་བྱེད་འགོ་ཚུགས།

འོན་ཀྱང་། ཚོགས་པ་བཙུགས་མ་ཐག་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད། སྔོན་ནས་མཉམ་ལས་གསོ་སྦྱོང་སྒྲིག་གཞི་དང་གྲོས་བསྡུར་ཡག་པོ་མ་བྱུང་བའི་རྐྱེན་གྱིས། སློབ་མ་བསྡུས་རྗེས། གསོ་སྦྱོང་སྒྲིག་གཞིས“ཕུགས་འདུན་ཚོགས་པའི”ལས་རྗེས་ཁས་མ་བླངས་པར་བརྟེན། ཚོགས་པའི་ཁོངས་མིར་གླ་ཆ་དུས་ཐོག་ཏུ་སྤྲོད་མི་ཐུབ་པས། ཚང་མའི་ཡིད་ཆེས་ལའང་ཕོག་ཐུག་ཆེན་པ་ཕོག

དེའི་དབང་གིས། ངག་དབང་བསྟན་འཛིན་དཔའ་མི་ཞུམ་པར། རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱ་ཆེད། སློབ་གསོའི་སྒྲིག་གཞི་ལྔ་པོ་དང་གྲོས་བསྡུར་བྱས་པ་བརྒྱུད། མཐར་དྲང་གཞག་གི་མཉམ་ལས་གྲོས་མཐུན་བཞག་པ་རེད།

དཀའ་ལས་བརྒྱབ་ན། གྲུབ་འབྲས་ཐོབ་ངེས་ཡིན། 2018ལོར་སླེབས་སྐབས་ཁོང་གི“ཕུགས་འདུན་ཚོགས་པར”ཐོག་མའི་མི་3ནས་ད་ཆ་མི་68ཡོད་པ་དང་། གསོལ་མགྲོན་ཁང་གི་ཚོང་ཡང་ལེགས་པའི་ཁར། སློབ་གྲྭར་ལོ་ལྟར་སློབ་མ་གསོ་སྐྱོང་བྱེད་ཚད་མི་ཐེངས་5000ཟིན་པ་དང་གསོ་སྦྱོང་བྱས་པའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་1240ལ་ལག་རྩལ་བསླབ་མཐར་ཚང་མར་ལས་ཀ་རག་ཡོད།

པ་སངས་སྒྲོལ་མ། དཀའ་ངལ་ཁྱད་དུ་བསད་ནས་འབྲས་བཟང་གཏོད།

རྒྱ་ཚྭ་རྫོང་ལྷ་གསོལ་ཤང་དུ། ལས་དབང་ལ་དཔའ་མི་ཞུམ་མཁན་གྱི་བུད་མེད་ཅིག་ཡོད། སྔོན་མ་ཁོང་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ཡིན། འོན་ཀྱང་ཁོང་གིས་དབུལ་པོ་ཡིན་ཡང་དཔའ་མི་ཞུམ་པར། ངར་ཤུགས་བསྒྲིམས་ནས། ཟ་ཁང་དང་ཐུག་འཐག་ཁང་བཙུགས་ཏེ། ཕྱུག་པོའི་ལམ་དུ་སྐྱོད། ཁོང་ནི་ས་གནས་དེ་གའི་ལས་གཏོད་ཕྱུག་འགྱུར་པ། གཡས་གཡོན་གྲོང་ཚོའི་གྲོང་མི་པ་སངས་སྒྲོལ་མ་རེད།

2014ལོར་པ་སངས་སྒྲོལ་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་ཡིན་པ་དང་། སྣོད་བཅུད་ལས་གནས་ཀྱི་ཁ་གསབ་དང་ཧྭ་ནུས་གློག་ཤུགས་རྒྱ་ཚྭ་ཡན་ལག་ཀུང་སི་ནས་ཁ་གསབ་དངུལ་ལེན་པ་དང་ཞིང་ལས་སྨན་བཅོས་ལམ་ལུགས་གསར་པས་ཁོང་གི་སྨན་རིན་རྩིས་ཞུ་བྱེད་ཀྱི་ཡོད།

2018ལོར་དབུལ་སྐྱོར་སྲིད་ཇུས་ཀྱི་ལྕག་སྐུལ་དང་ལས་གཏོད་སྒྲོག་འགྲེལ་ཁྲོད་བློ་སྒོ་ཕྱེ་སྟེ། པ་སངས་སྒྲོལ་མ་དང་བཟའ་ཟླ་ཁ་ཆད་བྱས་རྗེས། སྒོར་8000བཏོན་ནས་རྫོང་གྲོང་དུ་ཟ་ཁང་བཙུགས་རྒྱུའི་བློ་ཐག་བཅད།

དཀའ་ལས་བརྒྱབ་ན། འབྲས་བུ་སྨིན་རྒྱུ་ལོས་ཡིན། མ་བྱན་གྱི་ལག་རྩལ་བྱང་ཆུབ་པ་དང་དཀའ་སྤྱད་སྙིང་རུས་བྱས་པ་བརྒྱུད། ཐོག་མར་ཁེ་བཟང་དེ་ཙམ་མེད་པ་ནས། ད་ཆ་ཟླ་རེར་ཁེ་གཙང་སྒོར་3000ཡོད་པའི་འབྲས་བཟང་སྨིན།

ད་ཆ་ཟ་ཁང་དང་ཐུག་འཐག་ཁང་ནས། པ་སངས་སྒྲོལ་མར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10རག་ནས། དབུལ་པོ་ཞིག་ནས་ཕྱུག་པོ་ཞིག་ཏུ་གྱུར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།