ནག་ཆུ་གསེར་རྙེད་ཆུས་ཀྱིས་སྣ་མང་ཅན་གྱི་བསམ་བློའི་སློབ་གསོར་བརྟེན་ནས་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང“མཉམ་འདྲེས་མཉམ་སྐྱོད”ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། བསམ་པའི་དཔལ་ཡོན་གྱི་སློབ་གསོ། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་བཅས་སློབ་གྲྭ་ཡོངས་ལ་ཁྱབ་པར་བྱས་ནས་གཞོན་ནུ་ལོ་ཆུང་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྱས་པ་རེད།

གསེར་རྙེད་ཆུས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་འགོ་འཛུགས་སར་བརྩིས་ཤིང་། བརྗོད་དོན་གཙོ་བོའི་འཛིན་ཚོགས་དང་། གཏམ་བཤད་འགྲན་བསྡུར། བརྙན་ཐུང་ལྟ་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་གཞོན་ནུ་ལོ་ཆུང་སློབ་མའི་ཁྲོད“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ལས་སྟེགས་ཀྱི་དུས་རབས་ཀྱི་མིག་དཔེ་དང་སྔོན་ཐོན་གྱི་དཔེ་མཚོན་དྲིལ་བསྒྲགས་བྱས་ཏེ། གཞོན་ནུ་ལོ་ཆུང་སློབ་མར་ལྟ་བ་ཡང་དག་གསུམ་འཛུགས་རྒྱུའི་ཁྲིད་སྟོན་གྱིས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མའི“རིན་ཐང”གི་ཤེས་རྒྱ་ཆེ་རུ་བཏང་བ་རེད།

བྱེད་སྒོའི་ནང་། གསེར་རྙེད་ཆུས་ཀྱི་སྐད་གཉིས་བུ་བཅོལ་ཁང་གིས་རྒྱལ་གླུ་ལེན་པ་དང་རྒྱལ་དར་སྒྲེང་བའི་བྱེད་སྒོ་འགོ་འཛུགས་སར་བརྩིས་ཏེ། སློབ་མ་ཚོར་གླུ་གཞས་དེའི་རྒྱབ་ལྗོངས་འགྲེལ་བཤད་བརྒྱབ་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་གྱི་སྤྲོ་སེམས་འཕེལ་ཐབས་བྱས་པ་རེད། གཞན་ཡང་གསེར་རྙེད་ཆུས་ཆ་ཚང་སློབ་ཆུང་གིས་སློབ་མ་སྒྲིག་འཛུགས་བྱས་ཏེ་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱས་ནས་དུག་འགོག་ཁྲིམས་སྲུང་གི་སློབ་མའི་འདུ་ཤེས་ཟབ་ཏུ་བཏང་བ་རེད། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།