ཅང་སུའུ་ཡིས་ལྷ་ས་དང་མཉམ་དུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པར་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས10ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། ཅང་སུའུ་ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་རླུང་འཕྲིན་སྨྱན་སྦྱོར་ཚན་པས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་དང་། ལྷ་ས་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། སྟག་རྩེ་ཆུས་མི་དམངས་སྲིད་གཞུང་བཅས་དང་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཅང་སུའུ་རླུང་འཕྲིན་གྱིས་བོད་ཀྱི་མཁའ་ལམ་འགྲིམ་པའི་བྱེད་སྒོ་སྐབས་གཉིས་པ་འཆར་འགོད་བྱེད་འགོ་ཚུགས་ཤིང་། ཡུལ་སྐོར་ལས་དོན་ཁང200ལྷག་ཙམ་ལྷ་སར་ཡུལ་སྐོར་ལམ་རྒྱུས་མངའ་ལོན་པར་ཡོང་བ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར། ཅང་སུའུ་རླུང་འཕྲིན་གྱིས་བོད་ཀྱི་མཁའ་ལམ་འགྲིམ་པའི་བྱེད་སྒོ་སྐབས་གཉིས་པ་འཆར་འགོད་བྱེད་འགོ་ཚུགས་པ་དང་། ཅང་སུའུ་ཡི་མཛེས་ལྗོངས་ཀུན་བཏུས་ལས་དོན་ཁང་གིས་གནམ་གྲུ་གཙང་གླས་ཀྱི་ཡུལ་སྐོར་ཐོན་རྫས་ནུས་ཤུགས་ཡོད་རྒུས་ཁྱབ་གདལ་གཏོང་བ་དང་། ཡུལ་སྐོར་ལས་དོན་ཁང་གིས་འདོད་མཐུན་ཡུལ་སྐོར་བ་སྐྱེལ་ཚད་མི་ཐེངས5000ལྷག་ཙམ་ཟིན་པ། ཝུའུ་ཤིས་ཤིས་དབྱང་དབྱང་ཡུལ་སྐོར་ལས་དོན་ཁང་གིས་ཆེད་སྤྱོད་མེ་འཁོར་གྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་བཏང་ཞིང་། སྔོན་དཔག་བྱས་ན་སང་ལོའི་ཟླ3པར་ཆེད་སྤྱོད་མེ་འཁོར3སྒྲིག་འཛུགས་བྱས་ཏེ་ཡུལ་སྐོར་བ2000ལྷག་ཙམ་ལྷ་སར་འབྱོར་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།