ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སྡེ་ཚན་མང་པོས་མཉམ་དུ་དྲ་རྒྱའི་ཁ་ལག་མངགས་སྐྱེལ་ལ་ལྟ་འདོམས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས5ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕྱོགས་གསུམ་པའི་ལས་སྟེགས་སྐོང་འདྲིའི་ཚོགས་འདུ་འཚོགས་ནས། མིག་སྔར་ཁྲེང་ཀོན་ཆུས་ཁོངས་གཏོགས་ཀྱི་དྲ་རྒྱའི་བཟའ་བཏུང་ཐད་གནས་པའི་གནད་དོན་ལ་དམིགས་ནས་སྐོང་འདྲི་བྱས་པ་རེད།

ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས། ཞིབ་དཔྱོད་གྲོས་གཞིའི་ཡི་གེ་བཀྲམ་ནས“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་པ།

ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་དམངས་དོན་སྲིད་འཛིན་ཞིབ་དཔྱོད་སྡེ་ཚན་གྱིས་ཞིབ་བཤེར་རགས་ཙམ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཁྲེང་ཀོན་ཆུས་ཀྱི་ཚོང་དུད་མང་པོ་ཞིག་གིས“མེ་ཐོན་མངགས་སྐྱེལ”དང“ལྟོགས་བྱུང་ངམ”ཞེས་པའི་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕྱོགས་གསུམ་པའི་ལས་སྟེགས་སྟེང་བཟོ་ཚོང་ལས་གཉེར་ལག་ཁྱེར་དང་། བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཡོངས་བསྒྲགས་བྱས་མེད་པ་དང་། ཡོངས་བསྒྲགས་བྱས་པའི་ལག་ཁྱེར་གྱི་དུས་ཚོད་ཡོལ་བ་སོགས་ཀྱི་གནས་ཚུལ་ཡོད་པ་རེད། གནས་ཚུལ་དེ་དག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དང《དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་ལྟ་འདོམས་བྱ་ཐབས》སོགས་བཅས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལས་ཚབས་ཆེན་འགལ་ནས་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་གནས་པ་དང་སྦྲགས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཉེན་ཁ་བཟོ་བཞིན་ཡོད་པ་རེད།

2018ལོའི་ཟླ་10ཚེས་15ཉིན། ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་དོན་ཐོ་འགོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

2018ལོའི་ཟླ་10ཚེས་18ཉིན། གནས་ཚུལ་མི་འདྲ་བར་གཞིགས་ནས། ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེང་ཀོན་ཆུས་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུས(ད་ལྟ་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཞེས་མིང་བསྒྱུར་བ)ལ་ཞིབ་དཔྱོད་གྲོས་གཞིའི་ཡི་གེ་བཀྲམ་ནས། ལྟ་འདོམས་སྡེ་ཚན་གྱིས་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕྱོགས་གསུམ་པའི་ལས་སྟེགས་དང་། དེའི་ནང་ཞུགས་པའི་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཚོང་དུད་ལ་ལྟ་འདོམས་བྱེད་པའི་འགན་འཁྲི་ཧུར་ཐག་བསྒྲུབས་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།

ཞིབ་དཔྱོད་ཁང་གི་གྲོས་གཞིའི་ཡི་གེ་བཀྲམ་རྗེས། ཁྲེང་ཀོན་ཆུས་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུས་ཀྱིས་གང་མགྱོགས་ལན་བཏབ་པ་དང་ཆབས་ཅིག བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་ཡོངས་བསྒྲགས་བྱས་མེད་པ་སོགས་ལ་གཞིགས་ནས་བཟོ་ཚོང་དུད་ཚང་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་དུས་མཚུངས། འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་། ཁྲིམས་འཛིན་མི་སྣ་མངཌ་ནས་གོང་གསལ་གནད་དོན་དང་འབྲེལ་བ་ཡོད་པའི་དྲ་རྒྱའི་བཟའ་བཏུང་ཚོང་དུད་ལ་བཅོས་སྒྲིག་བྱ་རྒྱུར་ལྕག་སྐུལ་བྱས་པ་རེད།

ད་ལོའི་ལོ་འགོ་དང་། ཟླ་11པར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལྷ་ས་གྲོང་ཁྱེར་དྲ་རྒྱའི་བཟའ་བཏུང་ལས་སྟེགས་ལ“ཕྱིར་མིག་ལྟ་བའི”ཞིབ་བཤེར་བྱས་ཀྱང་། ལས་སྟེགས་ཁག་གཅིག་དང་ལས་སྟེཌ་སུ་ཞུགས་མ་ཐག་པའི་དྲ་རྒྱའི་ཚོང་དུད་ཀྱིས་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་སྔར་བཞིན་ཡོངས་བསྒྲགས་བྱས་མེད་པའམ་ཡང་ན་ཡོངས་བསྒྲགས་བྱས་པའི་ལས་གཉེར་ལག་ཁྱེར་དང་བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་གཅིག་མཚུངས་མིན་པའི་གནས་ཚུལ་ཡོད་པ་རེད།

དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕྱོགས་གསུམ་པའི་ལས་སྟེགས་ཀྱིས། འགག་སྒོ་ནན་པོ་བསྲུངས་ནས“ལག་ཁྱེར་མེད་པའི་ཚོང་དུད”ནམ་ཡང་དྲ་བར་ཞུགས་སུ་མ་བཅུག་པ།

དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕྱོགས་གསུམ་པའི་ལས་སྟེགས་མཁོ་འདོན་བྱེད་མཁན་ནི་དྲ་རྒྱའི་བཟའ་བཅའི་བདེ་འཇགསཀྱི“འགག་སྒོ་སྲུང་མཁན་དང་པོ”དེ་ཡིན་པས་དྲ་རྒྱར་ཞུགས་ནས་བཟའ་བཅའ་ཚོང་གཉེར་བྱེད་མཁན་ཕྱོགས་ལ་མིང་ངོ་མ་ཐོ་བཀོད་ནས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས།

ཟླ་12ཚེས་5ཉིན། “མེ་ཐོན་མངག་སྐྱེལ”བོད་ལྗོངས་ཁུལ་གྱི་འགན་འཁུར་བ་ལེང་ཅོན་གྱིས་སྐོང་འདྲིའི་ཚོགས་འདུའི་ཐོག“ཞིབ་དཔྱོད་ལས་ཁུངས་དང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྐོང་འདྲི་བྱེད་སྐབས་བཏོན་པའི་གནད་དོན་དང་བླང་བྱར་གཞིགས་ནས། ང་ཚོས་འཕྲལ་དུ་སྐོང་འདྲིའི་གནས་ཚུལ་སྤྱི་ཁྱབ་པུའུ་ལ་སྙན་སེང་ཞུ་རྒྱུ་དང་ཆབས་ཅིག འཕྲལ་མ་ཉིད་དུ་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་གི་ཚོང་དུད་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་དྲ་རྒྱའི་མངགས་སྐྱེལ་ཚོང་དུད་ཀྱི་ཐོབ་ཐང་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་མངག་སྐྱེལ་ཚོང་དུད་ཀྱི་ལག་ཁྱེར་ཆ་ཚང་བའི་འགན་ལེན་ནུས་ལྡན་བྱས་ཐོག་འབྱུང་རྩ་ནས་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ཡག་པོ་འཁུར་རྒྱུ་ཡིན”ཞེས་བརྗོད་པ་རེད།

“ལྟོགས་བྱུང་ངམ”ཞེས་པའི་ལས་སྟེགས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཅིང་ལི་ཡུས་ཅང་ཧའེ་ཡིས“ཚོང་དུད་ཁག་གཅིག་ལ་གནས་པའི་གནད་དོན་ལ་རིམ་པ་བཞིན་གྲལ་བཤེར་བྱས་ནས་དུས་བཀག་ལྟར་བཅོས་སྒྲིག་བྱ་རྒྱུ་ཡིན། དུས་བཀག་ནང་བཅོས་སྒྲིག་མི་བྱེད་པའི་རིགས་དྲ་བར་གཏན་ནས་ཞུགས་སུ་མི་འཇུག་པར་ནུས་ཤུགས་ཡོད་རྒུས་རྒྱ་ཆེའི་འཛད་སྤྱོད་པར་འགན་འཁུར་རྒྱུ་ཡིན”ཞེས་བརྗོད་པ་རེད།

ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་བྱམས་པ་སྒྲོལ་མས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“སྲིད་འཛིན་སྤྱི་ཕན་གཞུང་གཏུག་ནི་མིག་སྔར་ཞིབ་དཔྱོད་ལས་ཁུངས་ཀྱི་གཙོ་གནད་ལས་དོན་ཞིག་དང་། དྲ་རྒྱའི་བཟའ་བཏུང་ཞབས་ཞུ་ནི་ཞིབ་དཔྱོད་ལས་ཁུངས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཤིག་རེད། བཟའ་བཅའི་བདེ་འཇགས་ལ་སྣང་ཆུང་གཏན་ནས་བྱ་རྒྱུ་མེད། དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་ཕྱོགས་གསུམ་པའི་ལས་སྟེགས་མཁོ་འདོན་བྱེད་མཁན་གྱི་འགན་འཁྲི་ཧ་ཅང་ལྕི་བས་དྲ་ཞུགས་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ལྟ་འདོམས་སྡེ་ཚན་གྱིས་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི‘ལྕེ་ཐོག་གི་བདེ་འཇགས’འགན་ལེན་བྱེད་དགོས”ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།