བོད་ལྗོངས་ཀྱིས་ཧྥུའུ་ཅན་ཞིང་ཆེན་ལ་ཆུ་ཏུན་ཁྲི11འཚོང་བའི་འདོད་མཐུན་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར“བོད་ཀྱི་ཆུ་བཟང”ཞ་མོན་དུ་འོས་སྦྱོར་དང་བྲིན་སྐུལ་བྱེད་སྒོ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་སྤེལ་བ་དེའི་དམིགས་ཡུལ་གཙོ་བོ་ནི“བོད་ཀྱི་ཆུ་བཟང”ཞ་མོན་དང་མཐའ་ན་ཧྥུའུ་ཅན་དུ་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གང་ལྗོངས་ས་མཐོའི“ཆུ་བཟང”གིས“ཧྥུའུ་ཅན་གྱི་ཇ་ལོ”སྦངས་ནས་ཁྲོམ་རའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་དང་རྒྱ་སྐྱེད་ནུས་ལྡན་བཏང་སྟེ“བོད་ཀྱི་ཆུ་བཟང”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རར་བཏོན་ཚད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད་རེད། འོས་སྦྱོར་ཚོགས་འདུའི་ཐོག་རྣམ་གྲངས14ལ་གན་རྒྱ་བཞག་པ་དེའི་ཕྱིར་འཚོང་འདོད་མཐུན་ཏུན་ཁྲི11ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།