ཆབ་མདོས་ཆུ་ཚད་མཐོ་བའི་གཉིས་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་གསར་གཏོད་གླིང་གི་ཁེ་ལས་ཁག་རང་སྐྱོང་ལྗོངས་ཀྱི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོར་ཞུགས་རྒྱུར་སྐུལ་ལྕག་ཧུར་ཐག་བཏང་བ་མ་ཟད། གྲོང་ཁྱེར་རིམ་པའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོ་དང་། “ཆབ་མདོ་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་མཁས་ཅན་ངོ་ཐུག་གདོང་འཕྲད”ཀྱི་བྱེད་སྒོ  “གཉིས་གཏོད”ཀྱི་སྲིད་གཞུང་དང་། སློབ་གྲྭ ཁེ་ལས་བཅས་མཉམ་སྒུལ་སྦྲེལ་མཐུད་ཀྱི་བྱེད་སྒོ་སོགས་སྒྲིག་འཛུགས་བྱས་ནས“གཉིས་གཏོད”ཀྱི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་ཚད་གསར་པ་བསྣན་ཡོད།

མིག་སྔར་ཆབ་མདོ་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་གསར་གཏོད་ལས་གཏོད་ཁང1དང་རང་སྐྱོང་ལྗོངས་རིམ་པའི“གཉིས་གཏོད”ཚོད་ལྟའི་ཚན་པ1ཡོད་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་ཧྥུའུ་ཅན་དང་ཆབ་མདོའི་ཀུན་གཏོད་བར་མཐོངས་དང་། ཁམས་པའི་མུ་ཏིག་གི་ཀུན་གཏོད་བར་མཐོངས། ཆབ་མདོ་གྲོང་ཁྱེར་གྱི་ཚན་རྩལ་མངོན་འགྱུར་བའི་ལྟེ་གནས། སྨར་ཁམས་རྫོང་གི་ས་མཐོའི་ཁྱད་ལྡན་ཐོན་ལས་ཚན་རྩལ་སྐྱོང་གསོ་ཁང་སོགས་ཀུན་གཏོད་བར་མཐོངས(ཁེ་ལས་སྐྱོང་གསོ་ཁང)བཞི་ལ་རང་སྐྱོང་ལྗོངས་རིམ་པའི་ཀུན་གཏོད་བར་མཐོངས་དང་ཚན་རྩལ་སྐྱོང་གསོ་ཁང་བསྐྲུན་རྒྱུའི་ཆོག་མཆན་ཐོབ་པ་དང་། རང་སྐྱོང་ལྗོངས་ཀྱིས་ཐེངས་གཅིག་རང་བཞིན་གྱི་འཛུགས་སྐྲུན་ཁ་གསབ་རོགས་དངུལ་སྒོར་ཁྲི1200སྤྲད་ནས་གྲོང་ཁྱེར་རིམ་པའི་གསར་གཏོད་ལས་གཏོད་སྟེགས་བུ་7སྐྱེད་སྲིང་བྱས་ཡོད་ལ། སྣེ་འདྲེན་གྱིས་སྣེ་ཁྲིད་བྱེད་པ་དང་། རིམ་པ་ཁ་གསལ། གྲངས་འབོར་ཅུང་མང་བ་བཅས་ཀྱི་གསར་གཏོད་ལས་གཏོད་ཀྱི་སྟེགས་བུའི་འཛུགས་སྐྱོང་མ་ལག་རགས་ཙམ་ཆགས་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་གསོ་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ་བ་དེའི་ནང་ལས་ཞུགས་གཞན་སྒྱུར་གསོ་སྦྱོང་དང་། སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་། ཁེ་ལས་ཀྱི་ཚབ་སྒྲུབ་གསོ་སྦྱོང་། ལས་ཞུགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་སོགས་ཚུད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱིས་ཁྱོན་མི500ལྷག་ཙམ་གསོ་སྦྱོང་བྱས་པ་དང་། མི120ལྷག་ཙམ་ལས་གཏོད་ལམ་ལྷོངས་བྱུང་བ། ལས་གཏོད་ལ་བརྟེན་ནས་མི360ལྷག་ཙམ་ལས་ཞུགས་སྣེ་ཁྲིད་ཐུབ་ཡོད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་གྱི་ཐབས་ལམ་ལ་བརྟེན་ནས་ཁྲུང་ཆིང་གྲོང་ཁྱེར་དང་མཐུན་སྦྱོར་བྱས་ཏེ་ཕུལ་བྱུང་དགེ་རྒན་འདེམས་གཏོང་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ལ་ལས་གཏོད་དགེ་རྒན40གསོ་སྦྱོང་བྱས་པ་མ་ཟད། ལས་གཏོད་ཐེབས་རྩ་སྒོར་ཁྲི500གྲབས་གསོག་བྱས་པ་དག་ལས་གཏོད་གསོ་སྦྱོང་ནང་ཞུགས་རྗེས་ཀྱི་མི་སྣར་རང་བརྟེན་ལས་གཏོད་ཀྱི་རོགས་རམ་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།

གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་ལས་ཀའི་འཐབ་ཇུས་བཀོད་སྒྲིག་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “གཉིས་གཏོད”ཀྱི་ལས་ཀའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “གཉིས་གཏོད”ལས་དོན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་གཏོང་བར་དམ་འཛིན་བྱེད་པ། གཙོ་གནད་མི་ཚོགས་ལ་དམ་འཛིན་བྱས་ཏེ་ཚད་བརྒལ་ཡོང་བ་བྱེད་པ། “གཉིས་གཏོད”ལས་སྟེགས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།