བོད་ལྗོངས་ཀྱིས་རྗེས་ལུས་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དྲུག་བརྒྱ་ཙམ་བཅོས་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས“ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་པ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་ཐུབ་པ། བརྟན་ལྷིང་འགན་ལེན། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་སྐབས་ནུས་པ་ཐོན་པ”བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་སྐྲུན་རྒྱུར་དམིགས་ནས“སྣེ་གཉིས་དམ་འཛིན་དང་བར་དུ་སྣེ་ཁྲིད”བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་599གཅིག་སྡུད་བཅོས་སྒྲིག་བྱས་པར་རྩ་འཛུགས565བཅོས་སྒྲིག་བྱས་ཟིན་པ་རེད།

འགན་འཁྲི་ནན་ཏུ་བཏང་ནས་བཅོས་སྒྲིག་ལ་དམ་འཛིན་བྱས་ཤིང་། བོད་ལྗོངས་ཀྱིས“གཅིག་རེ་བཞིའི”བྱེད་ཐབས་གཏིང་ཟབ་ཏུ་བཏང་ནས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཚང་མར་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཅིག་གཏན་འཁེལ་བྱས་ཏེ་གྲོང་ཚོ་དང་འབྲེལ་གཏུག་བྱེད་པ་དང་ཤང་དང་གྲོང་རྡལ་གྱི་ཏང་ཨུད་ཚན་ཁག་གི་ཁོངས་མི་གཅིག་གཏན་འཁེལ་བྱས་ཏེ་གྲོང་ཚོ་འགན་གཙང་ལེན་པ། གྲོང་སྡོད་ལས་བྱེད་པ4དང་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་གཅིག་ལས་རིམ་ཧྲིལ་པོར་ཞུགས་པ་བཅས་བྱས་ནས་ཆ་སྒྲིག་ཚན་པས་བཅོས་སྒྲིག་ལས་དོན་ལ་གཞོགས་འདེགས་དང་དམ་འཛིན་བྱས་པ་རེད། ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡིས་སྔ་རྗེས་སུ་ལས་དོན་ཚོགས་ཆུང10བཏང་ནས་པུའུ་དོན་ཚོགས་འདུའི་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་གྲོང་ཁྱེར་དང་ས་ཁུལ7གྱི་གྲོང་ཚོ་རིམ་པའི་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་བཅོས་སྒྲིག་ལས་དོན་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་གྲོང་ཁྱེར་དང་ས་ཁུལ་ནས་ལས་བྱེད་པ492འཐེན་ཏེ་ལས་དོན་ཚོགས་ཆུང123གྲུབ་ནས་ས་གནས་ས་ཐོག་ཏུ་འཐེན་བཤེར་བྱས་པར་ཚད་ལོན་ཚད95%ཡན་ཟིན་པ་རེད།   

གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བཅོས་སྒྲིག་ལ་དམ་འཛིན་བྱས་ཤིང་། བོད་ལྗོངས་ཀྱིས་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་སྐོར་གཟིགས་དང་ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་མིང་བཏོན་པའི་གྲོང་ཚོ12དང་རང་སྐྱོང་ལྗོངས་ཀྱིས་གྲལ་བཤེར་ཐུབ་པའི་ནག་གཤེད་དང་འབྲེལ་བ་ཡོད་པའམ་ཡང་ན་ཡིག་བསྐུར་ངོ་བཅར་གྱི་འགལ་ཟླའི་གནད་དོན་མངོན་གསལ་དོད་པའི་གྲོང་ཚོ་30གཙོ་གནད་བཅོས་སྒྲིག་བྱ་ཡུལ་དུ་བརྩིས་ཏེ་རྫོང་ཨུད་ཀྱི་ཧྲུའུ་ཅིས་གྲོང་ཚོ་འགན་གཙང་བླངས་ནས་རྫོང་དང་ཤང་གི་ལས་བྱེད་པ་སྐོང་འཐེན་གྱིས་ལས་དོན་ཚོགས་ཆུང་བཙུགས་ནས་དངོས་སྡོད་ཞིབ་འཇུག་བྱས་ཐོག་ཆེད་དོན་བཅོས་སྒྲིག་བྱས་པ་རེད། དུས་མཚུངས“གྱོད་གཞི་གཅིག་དང་ཞིབ་བཤེར་གསུམ”དོན་འཁྱོལ་བྱས་ཏེ་བྱེད་པོའི་འགན་འཁྲི(ལྟ་སྐུལ་འགན་འཁྲི)ཤོར་བའི་ཤང་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་རྫོང་དང་ཤང་གི་ལས་བྱེད་པ15ལ་བསླབ་འདོམས་སྐུལ་ལྕག་དང་། རྩ་འཛུགས་ཀྱི་ཐག་གཅོད། གོ་གནས་ལས་འཐེན་པ་སོགས་ཀྱི་འགན་འཁྲི་བདའ་འདེད་དང་ཐག་གཅོད་བྱས་པ་རེད། མིག་སྔར་གཙོ་གནད་གྲོང་ཚོ42ཚང་མ་བཅོས་སྒྲིག་གནད་སྨིན་བྱུང་བ་རེད།

རིགས་དབྱེའི་མཛུབ་ཁྲིད་བྱས་ཏེ་དག་ཐེར་ལ་དམ་འཛིན་བྱས་ཤིང་། བོད་ལྗོངས་ཀྱིས་ཚན་ཁག་སྟོབས་ཆེར་བཏང་ནས་ནུས་མེད་ཟབ་ཟོབ་བཅོས་སྒྲིག་མཐའ་འཁྱོངས་བྱས་ཏེ་ད་ཡོད་ལས་གནས་ཀྱི་ལས་སྒོ་མི་འཕེར་བའི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི61དང་ལས་འགན་སྒྲུབ་ནུས་མི་འདང་བའི་གྲོང་ཚོའི་ལས་བྱེད་པ108ལེགས་སྒྲིག་བྱས་པ་དང་། རྫོང་རིམ་པའི་མཉམ་འབྲེལ་ཞིབ་བཤེར་བྱས་པ། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་བཅས་བྱས་པ་དང་འབྲེལ་གྲོང་ཚོ་རིམ་པའི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། གསོ་སྦྱོང་སློབ་གསོ་སྤེལ་ནས་ཉམས་ཞན་བཅོས་སྒྲིག་བྱས་ཏེ་གྲོང་ཚོའི་ལས་བྱེད་པ་དང་ལྷག་པར་དུ་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཕལ་ཆེ་བའི་ཧྲུའུ་ཅིའི་ནུས་པ་དང་བྱང་ཚད་ཅུང་དམའ་བའི་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱེད་ཀྱིན་གསོ་སྦྱོང་དང་གོང་མཐོར་བཏང་བ། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་དབུལ་པོ་བཅོས་སྒྲིག་དང་མཉམ་སྡེབ་དཔལ་འབྱོར་ཞན་པའི་གྲོང་ཚོ་གཙང་སེལ་གྱི་བྱ་སྤྱོད་སྤེལ་ནས་ཀྲུང་དབྱང་གི་མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1.99སྤྱད་དེ་དཔལ་འབྱོར་ཉམས་ཞན་གྱི་ནུས་མེད་ཟབ་ཟོབ་གྲོང་ཚོར་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི་རྨང་བརྟན་དམངས་ཕན་མ་དངུལ་སྒོར་དུང་ཕྱུར19.96དེ་དག་མཉམ་སྡེབ་དཔལ་འབྱོར་ཞན་པའི་གྲོང་ཚོར་གཙོ་གནད་དུ་སྤྱད་པ། ལམ་ལུགས་ནན་ཏུ་བཏང་ནས་ཟབ་ཟོབ་བཅོས་སྒྲིག་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་དཔྱད་གདེང་བྱས་འབྲས་དང་ལས་རྗེས་གླ་ཆ་འབྲེལ་བ་བྱས་ཐོག་ཕུལ་བྱུང་ལ་བྱ་དགའ་སྤྲོད་པ་དང་། ནུས་མེད་ལ་ཆད་པ་གཅོད་པ། ཧུར་བརྩོན་ཅན་ལ་བྱ་དགའ་སྤྲོད་པ། སྒྱིད་ལུག་ཅན་ལ་ཆད་པ་གཅོད་པ་བཅས་བྱས་ནས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།