ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་གྱི་ལྕགས་ལམ་ཟངས་རི་མེ་འཁོར་ས་ཚིགས་བར་བཏིང་ཟིན་པ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས10ཉིན། ཟངས་རི་མེ་འཁོར་ས་ཚུགས་ཀྱི་ལམ་ཐིག་བཞི་ལྡན་གྱི་ཟམ་ཆེན་གྱི་མཇུག་མཐའིTདབྱིབས་གདུང་མ་བརྟན་པོའི་ངང་ཟམ་པའི་ཐོག་འདིང་བ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་གྱི་ལམ་ཐིག་བཞི་ལྡན་གྱི་ཟམ་ཆེན་ཐོག་མ་བསྐྲུན་པ་ཡིས་ལམ་ཐིག་ཧྲིལ་བོའི་དུས་འགོའི་ཤར་གཏོང་ས་ཚིགས་ལྔ་པ་སྟེ་ཟངས་རི་མེ་འཁོར་ས་ཚིགས་སུ་དངོས་སུ་སླེབས་པ་མཚོན་ཡོད།

༢.jpg

ཟངས་རི་རྫོང་ནི་གངས་ཏི་སིའི་ལྷོ་ངོས་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གྲོག་རོང་ཁུལ་ཏུ་གནས་པ་དང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2633.62ཡོད་པ། རྒྱུན་སྡོད་མི་གྲངས17000ལྷག་ཙམ་ཡོད་པ་རེད། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་གྱི་ལྕགས་ལམ་ཟངས་རི་མེ་འཁོར་ས་ཚིགས་བར་བཏིངས་ཟིན་པ་དེས་ལྷ་ས་གྲོང་ཁྱེར་ནས་ཟངས་རི་རྫོང་བར་གྱི་རྨང་གཞིའི་ཨར་ལས་ཀྱི་དགོས་མཁོ་བསྐངས་ཟིན་པ་དང་ཟངས་རི་རྫོང་ལ་མེ་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་མཚོན་ཡོད། མ་འོངས་བར་ལམ་ཐིག་ཧྲིལ་བོ་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་སྐྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་རྒྱུ་དང་འབྲེལ་ལམ་རྒྱུད་ཀྱི་གཏེར་ཁ་དང་། ཞིང་འབྲོག་ཐོན་རྫས། ཡུལ་སྐོར་ལས་རིགས་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་རེད། 

༣.jpg

ཟངས་རི་མེ་འཁོར་ས་ཚུགས་ནི་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་དུ་གསར་སྐྲུན་བྱས་པའི་ས་ཚུགས་ཞིག་ཡིན་པ་དང་། དེ་ནི་ཟངས་རི་རྫོང་གྲོང་གི་ལྷོ་ངོས་དང་ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་པ་དང་རྫོང་གྲོང་དང་བར་ཐག་སྟོང་སྨི1.5ཙམ་ཡོད། 

མིག་སྔར་བསྐྲུན་བཞིན་པའི་ཟངས་རི་མེ་འཁོར་ས་ཚུགས་ཀྱི་ལམ་ཐིག་བཞི་ལྡན་གྱི་ཟམ་ཆེན་ནི་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་ཐིག་བཞི་ལྡན་གྱི་ཟམ་ཆེན་ཐོག་མ་དེ་ཡིན་པ་དང་། རིང་ཚད་ལ་སྨི253.4ཟིན་པ། ཟམ་པ་དེ་བཏིང་ཟིན་རྗེས་ཐད་ཀར་ཟངས་རི་མེ་འཁོར་ས་ཚུགས་ཀྱི་འབབ་ཚིགས་སྟེགས་བུར་སླེབས་རྒྱུ་ཡིན་པ་རེད། 

༤.jpg

ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལམ་ཐིག་དངོས་ལ་སྤྱི་ལེ435ཡོད་ཅིང་། ལམ་ཐིག་ཧྲིལ་བོར་ཡར་ཀླུང་གཙང་པོར་ཐེངས16བརྒལ་བ་དང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད75%སླེབས་པ། ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ160ཇུས་འགོད་བྱས་ཡོད་ལ། དེ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པ་རེད། 

༥.jpg

༦.jpg

༧.jpg

༨.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།