བོད་རང་སྐྱོང་ལྗོངས་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་ཞིང་ཆེན་སྒྲོལ་ནས་འཚོ་སྡོད་བྱེད་པའི་ལས་དོན་ལ་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་དང་། ལྗོངས་མི་སྤྱི་ཐིང་། ལྗོངས་སྨན་བཅོས་འགན་བཅོལ་ཅུས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི2019ལོར་ཞིང་ཆེན་སྒྲོལ་ནས་འཚོ་སྡོད་བཀོད་སྒྲིག་གི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་ཞིང་ཆེན་སྒྲོལ་ནས་འཚོ་སྡོད་བཀོད་སྒྲིག་བྱེད་པའི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་2020ལོའི་ཞིང་ཆེན་སྒྲོལ་ནས་འཚོ་སྡོད་བཀོད་སྒྲིག་གི་གཙོ་གནད་ལས་དོན་ལ་འཆར་འགོད་བྱས་པ་རེད།

ཚོགས་འདུའི་ཐོག རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཞིང་ཆེན་སྒྲོལ་ནས་འཚོ་སྡོད་བཀོད་སྒྲིག་བྱེད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་མང་བ་དང་། ཁྱབ་རྒྱ་ཆེ་བ། སྡོད་གནས་ཁ་ཐོར་ཡིན་པ། ལས་འགན་ལྕི་བ་བཅས་ཀྱི་གནས་ཚུལ་འོག་བྱ་ཐབས་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཐོབ་ཐང་སྣ་ཚོགས་དོན་འཁྱོལ་དང་། ཞབས་ཞུ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་སྨིན་ཞབས་ཞུའི་ལས་ཀའི་འདུ་ཤེས་འཛུགས་པ་དང་དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་མཐའ་འཁྱོངས་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཆབ་སྲིད་འཛུགས་སྐྱོང་དང་བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་ཞབས་ཞུ་དང་དོ་དམ་ལས་དོན་བློ་གཅིག་སེམས་གཅིག་ངང་ཡག་པོ་སྒྲུབ་དགོས་པ་མ་ཟད། གཙོ་གནད་དང་དཀའ་གནད་ཆེ་བའི་གནད་དོན་ཐད་ནུས་ཤུགས་ཡོད་རྒུས་ཚད་བརྒལ་ཡོང་བ་བྱས་ཏེ་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་ཞིང་ཆེན་སྒྲོལ་ནས་འཚོ་སྡོད་བཀོད་སྒྲིག་བྱས་ཏེ་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།