གཞིས་རྩེའི་སྲིད་དོན་དྲ་ཐོག་ལས་གཉེར་ལས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས“དྲ་སྦྲེལ+སྲིད་དོན་ཞབས་ཞུ”ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་དང་ཞབས་ཞུ་རྣམ་པའི་སྲིད་གཞུང་གཏོད་པའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་ཞིབ་ཚགས་དང་དོན་དངོས་ནས་འགོ་འཛུགས་པ་དང་། ཚད་གཞི་མཐོ་བའི་ལག་བསྟར་མཐའ་འཁྱོངས་བྱེད་པ། སྲིད་གཞུང་གི་མཆན་འགོད་ཞབས་ཞུ་དྲ་ཐོག་ནས་སྒྲུབ་པ་དང་། གཅིག་འདུས་རྣམ་པའི་ཐོག་ནས་སྒྲུབ་པ། ཐག་ཉེ་སར་སྒྲུབ་པ་བཅས་ལ་སྐུལ་འདེད་བཏང་ནས་སྲིད་དོན་ཞབས་ཞུའི་རང་འགུལ་རང་བཞིན་དང་། གནད་སྨིན་རང་བཞིན། སྟབས་བདེའི་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱི“བོད་ལྗོངས་སྲིད་དོན”དྲ་ཚིགས་ཁྲིམས་མིའི་ཐོ་འགོད་བྱེད་ཚད་མི་གྲངས71300ཟིན་པ་དང་། མི་སྒེར་གྱི་ཐོ་འགོད་བྱེད་ཚད་མི་གྲངས311243ཟིན་པ། རིམ་རྩིས་ལྟར་ན། དྲ་ཐོག་ལས་སྒོ་སྒྲུབ་ཚད620685ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་རྫོང(ཆུས)18དང་གྲོང་ཁྱེར་ཐད་གཏོགས་སྡེ་ཚན33གྱི་ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ཏེ་གཅིག་འདུས་གཞུང་ལས་ཉིན25བསྒྲུབས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་ཞབས་ཞུའི་དོན་ཚན་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ངོས་འཛིན་རྩིས་ལེན་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་མཆན་འགོད་ཞབས་ཞུའི་དོན་ཚན“དྲ་ཐོག་ནས་སྒྲུབ་དགོས་རིགས་གང་ཐུབ་སྒྲུབ་པ་དང་། ཆ་ཚང་དྲ་ཐོག་ནས་སྒྲུབ་པའི”འགན་ལེན་བྱས་ནས་དྲ་ཐོག་ལས་གཉེར་བསྡུར་གྲངས་སྔར་བས་མཐོ་རུ་བཏང་ཡོད། ཡོངས་བསྒྲགས་རྩ་དོན་དུ་བྱས་པ་དང་གསང་ཐབས་དམིགས་བསལ་དུ་བྱས་པའི་བླང་བྱ་གཞིར་བཟུང་། གྲོང་ཁྱེར་དེས་རྫོང(ཆུས)དང་སྡེ་ཚན་ཁག་གིས་གཏན་འབེབས་ཀྱི་དུས་ཚོད་ནང“གསལ་ཐོ་ཁག་བཞི”དང་། “ཡོངས་བསྒྲགས་གཉིས”ལས་སྒྲུབ་ཕྱོགས་སྟོན་བཅས་བོད་ལྗོངས་སྲིད་དོན་ཞབས་ཞུའི་དྲ་བ་བརྒྱུད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུའི་སྐུལ་འདེད་བཏང་ནས་ལས་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཁ་གསལ་དང་། ཁུངས་འདེད་ཆོག་པ། ཞིབ་བསྡུར་བྱེད་ཆོག་པ་བཅས་ཡོང་བ་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།