དགུན་སྒྲོལ་དུས་བྱའི་ཞིང་ཁམས།

f6c8cd6d-660c-4fcb-9261-f8f556bbd117.jpg.1.jpg

འདི་ནི་ཟླ12ཚེས8ཉིན་གྱི་དགོང་མོར་ལྷ་ཀླུ་འདམ་རྭའི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་བཞིན་པའི་ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་སྟོད་ཀྱི་ལྷ་ས་དེ་ཉིད་ས་མཐོའི་དུས་བྱ་དགུན་སྒྲོལ་གྱི་ཞིང་ཁམས་སུ་གྱུར་བ་དང་། ལྷ་སའི་ལུང་གཞུང་གི་ཞིང་ནང་དང་། གྲམ་ཐང་། གྲོང་ཁུལ་གྱི་ལྷ་ཀླུ་འདམ་རྭ། རྫོང་རྒྱབ་ཀླུ་ཁང་སོགས་སུ་ཅི་དགར་ཟས་འཚོལ་བཞིན་པའི་ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་སོགས་གང་སར་མཐོང་རྒྱུ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ལོ་ལྟར་གྱི་དགུན་དུས་སུ་ལྷ་ས་གྲོང་ཁུལ་གྱི་ཉེ་འཁོར་ཁོ་ནར་དགུན་སྒྲོལ་བྱེད་མཁན་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ ངང་སེར། ངང་པ་མགོ་ལྗང་སོགས་ཀྱི་དུས་བྱ་ཁྲི་ཕྲག་ཡོད་པ་རེད།

ལྷ་སའི་ལུང་གཞུང་རྒྱུད་ནི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ས་མཐོའི་དུས་བྱ་དགུན་སྒྲོལ་བྱ་ཡུལ་གཙོ་བོ་ཞིག་རེད། ལོ་ལྟར་གྱི་ཟླ་བཅུ་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་དབྱར་ཁ་བོད་བྱང་ཐང་དུ་འཚོ་བའི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་དྲོད་ཚད་ཅུང་ཆེ་བའི་ལྷ་སའི་སྐྱིད་ཆུ་དང་མྱང་ཆུའི་རྒྱུད་དུ་དགུན་སྒྲོལ་བྱེད་པར་ཡོང་བ་དང་། ལོ་གསར་པའི་དཔྱིད་ཀ་འཆར་རིམ་བཞིན་བོད་བྱང་ཐང་དུ་བྱ་ཕྲུག་སྐྱེ་བར་ལོག་གི་ཡོད།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།