འགག་སྒོ་དར་ཞིང་རྒྱས། འཚོ་བ་བདེ་ཞིང་སྐྱིད།

h'h'htimg.jpg

འདི་ནི་སྐྱིད་གྲོང་འགག་སྒོ་རེད།

timg.jpg

འདི་ནི་སྐྱིད་གྲོང་འགག་སྒོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པའི་ཚུལ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱིད་གྲོང་འགག་སྒོ་ནི་བོད་ལྗོངས་ཀྱི་མཐའ་མཚམས་ཚོང་དོན་གྱི་འགག་སྒོ་ཆེ་ཤོས་ཤིག་ཡིན་པ་དང་། འགག་སྒོ་དེ་རྫོང་གྲོང་དང་བར་ཐག་སྤྱི་ལེ93ཡོད་པ་དང་ས་བབ་མཐོ་ཚད་སྨི1800ཙམ་ཡོད་པ་རེད། མཐའ་མཚམས་ཚོང་དོན་དང་སྒོ་དབྱེའི་སྲིད་ཇུས་ཀྱི་ཕན་པ་ཐོབ་པ་ལས་གྲོང་མིའི་འཚོ་བ་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད། ད་ལོའི་ཟླ1ནས9བར་མཐའ་མཚམས་མི་སེར་གྱི་ཕན་ཚུན་ཁྲོམ་རའི་ཚོང་དོན་དངུལ་འབོར་སྒོར་ཁྲི1601.51ཟིན་ནས་མཐའ་མཚམས་མི་སེར་ལ་འབབ་འཕར་སྒོར་ཁྲི750ཙམ་ཡོང་རྒྱུར་སྣེ་ཁྲིད་བྱས། ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།