ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཞི་རིམ་རྩ་འཛུགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རིང་། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོས་གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་བློ་དང་བྱ་སྤྱོད་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྔོན་འགྲོར་བརྩིས་པ་དང་། སྤྱོད་གོ་ཆོད་པའི་བྱ་ཐབས་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་བཏང་བར་ཕན་འབྲས་དངོས་ཐོན་ཞིང་། གཞི་རིམ་ཏང་རྩ་འཛུགས་12ལ“ཐོག་མའི་བསམ་འདུན་གྱི་གཞས་གདངས”རྩོམ་པ་དང“འགན་འཁྲིའི་གླུ་གཞས”ལེན་རྒྱུར་སྐུལ་འདེད་བཏང་སྟེ། གཞི་རིམ་རྩ་འཛུགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་པ་རེད།

སློབ་གྲྭ(སློབ་གླིང)ཁག་གི་ཏང་རྩ་འཛུགས་ཀྱིས་བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ། དྲིལ་བསྒྲགས་རྒྱ་ཁྱབ་བྱས་ནས་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བཏོད་པ་དང་། LEDའཆར་ཤེལ་དང་སྐད་འཕྲིན་ལས་སྟེགས་སྤྱོད་པ་དང་། འཕྲེད་དར་འགེལ་བ། འགྲེམ་པང་གཤོམ་པ། སྦྱར་ཚིག་འབྲི་བ་བཅས་བྱས་ནས། སློབ་གྲྭ་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སློབ་གསོ་ཁྱབ་པར་བྱས་ཡོད། དཔེ་དེབ་ཉོ་བ་དང་། གཅིག་སྡུད་སློབ་སྦྱོང་ཚོགས་འདུ་འཚོགས་པ། སྤེལ་རེས་ཚོགས་འདུ་སྐོང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་རྟོགས་ལག་དེབ་བཟོ་བ་བཅས་བྱས་པས་ལས་ཀའི་བཀོད་སྒྲིག་མྱུར་ལ་བྱེད་སྒོ་བབ་བསྟུན་བྱུང་ཞིང་། ལས་དོན་དོན་འཁྱོལ་ཞིབ་ཚགས་ལ་སློབ་སྦྱོང་གི་རྣམ་པ་ཟབ་པ། མྱོང་ཚོར་ཏན་ཏིག་བཅས་བྱུང་སྟེ། ཏང་ཡོན་ཚོས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ཐད་ངེས་ཤེས་ཟབ་མོ་བྱུང་ཡོད།

སློབ་གྲྭ(སློབ་གླིང)ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གཅིག་སྡུད་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། དཔེ་ཀློག་འཛིན་གྲྭ་བཙུགས་ཏེ་གཅིག་རྗེས་གཉིས་མཐུད་ངང་དཔེ་དེབ་མངགས་པ་དང་། ཏང་ཡོན་ལས་བྱེད་པས་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་དང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་བསམ་གཞིག་བྱས་ཤིང་། 《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་གནད་བསྡུས》ནན་ཏན་ངང་བཀླགས་པ་དང་། བརྒྱུད་རིམ་དང་ལྡན་པའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་བླངས་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཅིག་སྡུད་སློབ་སྦྱོང་ཐེངས་44དང་། ཆེད་དོན་སྤེལ་རེས་ཐེངས་8 སྤེལ་རེས་བགྲོ་གླེང་ཐེངས་15བཅས་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།