ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་གྱི་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཏང་ཡོན་མི་གྲངས་མང་བ་དང་། སྡོད་གནས་ཁ་ཐོར་ཡིན་པ། རིག་གནས་ཆུ་ཚད་དམའ་བ་བཅས་ཀྱི་དོན་དངོས་ལ་དམིགས་ཏེ་ཏང་ཀྲི་པུའི“བཅུ་རེ་གཅིག”གི་བྱེད་སྒོའི་བླང་བྱ་གཞིར་བཟུང་། ཡུལ་བབ་དང་བསྟུན་པ་དང་བྱ་ཐབས་གསར་གཏོད་བྱས་ཏེ“དཔེ་དེབ་གཅིག”དང“འོད་སྡེར་གཅིག”བཟོ་རྒྱུ་སྒྲིག་འཛུགས་བྱས་ནས་གོ་དོན་མི་རྟོགས་པ་དང་། སློབ་མཁན་མེད་པ། སྦྱོང་མཁན་མེད་པ་བཅས་ཀྱི་ཞིང་འབྲོག་པའི་ཏང་ཡོན་གྱི་དཀའ་གནད་ཧུར་ཐག་བསལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཞིང་འབྲོག་ཁུལ་དུ་ཕྱོགས་ཡོངས་ནས་སྤེལ་བའི་འགན་ལེན་བྱས་པས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་ལ་ད་ལྟ་ཞིང་འབྲོག་པ་ཏང་ཡོན་མི་ཁྲི་3.4ལྷག་ཙམ་ཡོད་པ་དང་། ཞིང་འབྲོག་པ་ཁག་གཅིག་གིས་རྒྱ་ཡིག་མི་ཤེས་པའི་དོན་དངོས་གཞིར་བཟུང་། གྲོང་ཨུད་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་གིས་པར་རིས་དང་ཡིག་རིས་སྤེལ་མ་དང་། ཞིང་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི“ཡུལ་བབ་མཚོན་པའི་བསླབ་གཞི”《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ》ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཏང་གི་སློབ་ཚན་ཐུང་ངུའི་གནད་བསྡུས་སློབ་དེབ་རྩོམ་སྒྲིག་བྱས་པ་དང་། 《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ》ཞེས་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཏང་གི་སློབ་ཚན་ཐུང་ངུའི་བརྙན་ལམ་འོད་སྡེར་བཟོས་ནས་གཞི་རིམ་ཏང་རྩ་འཛུགས་1280ལ་སྤྲད་པ་བརྒྱུད། ཞིང་འབྲོག་པ་ཏང་ཡོན་གྱི་གོ་དོན་མི་རྟོགས་པ་དང་། གོ་བ་གཏིང་ཟབ་ལེན་མི་ཐུབ་པ། ཡག་པོ་སྤྱོད་མི་ཐུབ་པ་སོགས་ཀྱི་དཀའ་གནད་ཧུར་ཐག་བསལ་ནས“མི་ཚང་མ་བྱེད་སྒོའི་ནང་ཞུགས་པ་དང་ཀུན་གྱིས་སློབ་སྦྱོང་ལ་དགའ་ཞེན”བྱེད་པའི་རྣམ་པ་བཟང་པོ་བཏོད་པས་ཞིང་འབྲོག་པ་ཏང་ཡོན་ལ་བརྗོད་དོན་གཙོ་བོའི་སློབ་གསོའི་སྦྱོང་བརྡར་དངོས་འབྲེལ་ཐེབས་ཡོད་པ་རེད། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།