འཕྱོངས་རྒྱས་རྫོང་གིས“ཏང་འཛུགས་སྐྱོང3+”ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས“ཏང་འཛུགས་སྐྱོང་3+”ལ་བརྟེན་ནས་ཏང་ཀྲི་པུའུ་སྲོག་ཤིང་དུ་བྱེད་པ་དང་། མང་ཚོགས་དབུལ་སྒྲོལ་དམིགས་ཚད་དུ་བྱེད་པ། མཉམ་ལས་རྩ་འཛུགས་སྦྲེལ་ཐག་ཏུ་བྱེད་པ། ཐོན་ལས་སྐུལ་ཁྲིད་བརྟེན་སར་བྱེད་པ་བཅས་ཀྱི་ཏང་འཛུགས་སྐྱོང་གིས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད་པ་རེད།

“ཏང་འཛུགས་སྐྱོང་དང་གནད་སྨིན་དབུལ་སྐྱོར”ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས“གསོན་ཤུགས་གསར་པ”འཕེལ་བར་བྱས་ཤིང་། འཕྱོངས་རྒྱས་རྫོང་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་དྲིལ་བསྒྲགས་ཁྲིད་སྟོན་དང་། རྩལ་ནུས་གསོ་སྦྱོང་། མ་དངུལ་རོགས་སྐྱོར་སོགས་བྱེད་སྟངས་བརྒྱུད་མང་ཚོགས་དབུལ་པོའི་ལས་ཞུགས་ལས་གཏོད་ལ་རོགས་རམ་བྱས་ནས་འབབ་འཕར་ཐབས་ལམ་ཡངས་སུ་བཏང་བ་རེད། མིག་སྔའི་བར་རྫོང་དེས་རྫོང་རིམ་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་6གཉེར་བ་དང《འཕྱོངས་རྒྱས་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དྲིས་ལན་ཀུན་འཐུས་དེབ》5000ལྷག་ཙམ་བཟོས་ནས་སྤྲད་པ་རེད།

“ཏང་འཛུགས་སྐྱོང་དང་མཉམ་ལས་རྩ་འཛུགས”ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས“ལས་སྟེགས་གསར་པ”བཏོད་ཅིང་། རྫོང་དེས་གྲོང་ཚོ་རིམ་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་འབྲེལ་གྱི་ཐོན་ལས་དབུལ་སྐྱོར་རྣམ་པ་བཏོད་ཡོད། དེ་དང་ཆབས་ཅིག མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་ཀྱི་སྣེ་འདྲེན་དང་སྒུལ་བྱེད་འཕྲུལ་འཁོར་གྱི་ནུས་པ་འདོན་སྤེལ་བྱས་ནས“ཏང་ཀྲི་པུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་ལ་སྣེ་ཁྲིད་བྱེད་པ་དང་དུད་ཚང་དབུལ་པོས་ཏང་ཀྲི་པུའུ་ཡི་རྗེས་སུ་འབྲངས་བའི”དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད་པ་རེད། རྫོང་དེའི་བདེ་ཆེན་གྲོང་ཚོས“ཕྱུག་འགྱུར་འཇོན་ཐང་ཅན་དང་། མཉམ་ལས་ཁང་། དུད་ཚང་དབུལ་པོ”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་ལ་བརྟེན་ནས་ཕག་པ་གསོ་ཚགས་བྱས་ཏེ། དུད་ཚང་དབུལ་པོ་10ཡི་མི་10ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

“ཏང་འཛུགས་སྐྱོང་དང་རིག་གནས་ཡུལ་སྐོར”ཟུང་འབྲེལ་བྱེད་སྟངས་ལ་བརྟེན་ནས། “ལམ་བུ་གསར་པའི”ཐོག་བསྐྱོད་ཅིང་། རྫོང་དེས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། ཡུལ་སྐོར་བརྟེན་སར་བྱེད་པ། རིག་གནས་ཀྱིས་གཞི་རྟེན་དུ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། དུད་ཚང་དབུལ་པོ་རྗེས་སུ་འབྲངས་པའི”ལམ་སྲོལ་བཙུགས་པ་དང“ཏང་འཛུགས་སྐྱོང་དང་རིག་གནས་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་དབུལ་སྐྱོར་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད་པ་རེད། འཕྱོངས་རྒྱས་རྫོང་ཞོལ་པ་གྲོང་ལྷན་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམ་འཛིན་བྱ་གཞི་ནུས་ལྡན་ལ་བརྩིས་ཏེ་ཁྱིམ་ཚང་འགྲུལ་ཁང་10གཉེར་བ་དང་དུད་ཚང་དབུལ་པོ་40ལ“ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་རོགས”བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།